གངས་ཅན་རི་བོ་ལ་བསྟོད་པའི་སྤྲིན་དཀར་གྱི་ཕུང་པོ།
གྲུབ་དབང་གོ་འཕང་དེ་ཐོབ་ཀྱང།།
འགྲོ་དྲུག་སྔུག་བསྔལ་ལ་གཟིགས་ནས།།
དཀའ་སྤྱད་དུས་དྲུག་དུ་གནང་པའི།།
བཤེས་གཉེས་དབང་པོ་ལ་བསྟོད་འོས།།
བྱམས་དང་སྙིང་རྗེ་ཡི་རང་གཟུགས།།
གྲུབ་འཛིན་མགོན་པོ་ཁྱེད་མཁྱེན་ནོ།།
སྐུ་ཚེ་བསྐལ་བརྒྱ་ཡི་བར་དུ།།
བཞུགས་པའི་སྨོན་འདུན་ཞིག་བྱེད་སོང་།།
འདི་ཕྱི་གཉིས་ཀ་ཡི་བླ་མ།།
༸གོང་ས་སྐྱབས་མགོན་ཀྱི་བཀའ་དྲིན།།
བུ་ང་སྙིང་ཁ་ནས་དྲན་ནས།།
ནམ་ཡང་བརྗེད་ཐབས་ཞིག་མི་འདུག།
འཛམ་གླིང་སྐྱེ་དགུ་ཡི་རྩེ་མོ།།
ཞི་བདེ་ཁོར་ཡུག་ཅིག་བསྐྲུན་ནས།།
འཛམ་གླིང་འཛིན་མ་ཡི་ཁྱོན་ལ།།
མཛད་འཕྲིན་མཁའ་མཉམ་ལ་ཁྱབ་སོང།།
དེ་རིང་ཨ་རི་ཡི་ཞིང་ལ།།
འགྲོ་དྲུག་བདེ་བ་ལ་བཀོད་ཕྱིར།།
མཛད་འཕྲིན་རྒྱས་པ་དེ་མཐོང་དུས།།
སེམས་པར་སྤྲོ་བ་རུ་ཁེངས་སོང།།
ཉེར་གཅིག་དམག་འཁྲུག་གི་དུས་འདི།།
འཚེ་བ་འཇིགས་སྣང་དེ་བསྐྱུར་ནས།།
ཞི་བདེ་ཁོར་ཡུག་གི་བསྟི་གནས།།
སྐྲུན་པའི་སྐྱེས་ཆེན་ཁྱེད་དྲན་འོང་།།
བརྡ་འཕྲིན་དེང་རབས་ཀྱི་ཁ་ཕྱོགས།།
མྱུར་ཚད་འགྱོགས་པ་དེ་ཡག་སོང་།།
༸རྒྱལ་བའི་མཛད་འཕྲིན་གྱི་འོད་ཞགས།།
དྲྭ་ངོས་མཐོང་བ་དེ་དགའ་སོང་།།
སྐྱབས་གཅིག་བླ་མ་ཡི་འཕྲིན་ལས།།
གདུལ་བྱ་ཡིད་མཁའ་ལ་ཤར་བས།།
སེམས་ཀྱི་སྡུག་བསྔལ་དེ་སེལ་བའི།།
གྲུབ་འཛིན་མགོན་པོ་ལ་འདུད་དོ།།
སྐྱབས་གཅིག་བླ་མ་ཡི་མཛད་པ།།
སྟོང་གསུམ་ཤོང་བ་དེ་མེད་པས།།
བླ་མའི་བཀའ་དྲིན་ལ་བསམ་ནས།།
ཅུང་ཙམ་འབྲི་བ་ཞིག་ཤོར་སོང་།།
དྲྭ་ངོས་ནས་ཨ་མི་རི་ཁའི་རྒྱལ་ཁབ་དུ་རྒྱལ་བའི་མཛད་འཕྲིན་སྐྱོང་བཞིན་པ་རྣམས་མཐོང་མ་ཐག་དགའ་བ་དང་བཅས་ཤར་མར་སུག་བྲིས་སུ་བྱེད། ༸རྒྱལ་བའི་འཁྲུངས་སྐར་༢༠༡༡།༠༧།༦