བྱང་ཕྱོགས་ཧེ་མ་ཅལ་གྱི་རྒྱལ་ས་སིམ་ལ་ས་གནས་སུ་བོད་མི་ཚོས་སྐུའི་འཁྲུངས་སྐར་སྲུང་བརྩི།

 

བོད་ཕྱི་ནང་ཀུན་ཏུ་རེས་གཟའ་ལྷག་པ་འཁྲུངས་སྐར་དུས་ཆེན་སྲུང་བརྩིར་མོས་གུས་དྲག་པོས་བསྲུང་བརྩི་ལ་བྲེལ་བ་བཞིན འདི་གར་སིམ་ལ་ས་གནས་བོད་མིས་ཀྱང་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་འཇིག་རྟེན་ཞི་བདེའི་དེད་དཔོན་སྤྱིར་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཏེ་སྤྱི་ཟླ་ ༠༧ ་པའི་ཚེས་ ༠༦ ཉིན་ཞོགས་པ་ཕྱག་ཚོད་ ༨་༣༠ ཐོག་བོད་སྐྱོང་ལྷ་སྲུང་རྣམས་ལ་རྣམ་དག་ཆོས་སྐུ་མས་སྒོ་ནས་ཀི་བསོ་ལྷ་རྒྱལ་གྱི་དབྱངས་རྟ་སྙན་ཞིང་འཇེབས་པའི་དབྱངས་ཀྱིས་དགེ་སློབ་ཚང་མས་བསངས་གསོལ་གསེར་སྐྱེམས་འབུལ་བ་དང་། གཞན་ཡང་རླུང་རྟ་དར་ལྕོག་འཛུགས་པ་སོགས་བོད་མི་རིགས་སྲོལ་རྒྱུན་གྱི་ཆོས་ཕྱོགས་བྱ་བ་རྣམས་ལེགས་གྲུབ་རྗེས་ཕྱག་ཚོད་ ༩་༣༠ ཐོག་འདི་གར་སིམ་ལ་ས་གནས་སུ་དབྱངས་ཅན་དགའ་ཚལ་གླིང་དང་། སངས་རྒྱས་ཆོས་གླིང་། རང་བཙན་ཀྱམ། འཆི་མེད་དགའ་ཚལ་གླིང་། ཁྲི་སྡེ་གླིང་། བཀྲ་ཤིས་སྟེང་བཅས་ཁ་འཐོར་གཞིས་ཆགས་ནས་ཡོངས་བའི་མི་མང་ལྷན་འཛོམས་ཀྱི་དབུས་སུ་སྐུ་མགྲོན་གྱི་གཙོ་བོ་ས་གནས་རྫོང་དཔོན་ཆེན་མོ་onkar shar ma མཆོག་དང་། ས་གནས་ཚོགས་གཙོ་དང་དབུ་འཛིན རྣམ་གཉིས། རྒྱ་བོད་གཉིས་ཀྱི་སློབ་སྤྱི། སློབ་གྲྭའི་དགེ་རྒན་ལས་བྱེད་སློབ་ཕྲུག་སོགས་མི་མང་སྟོང་ཕྲག་འདུས་པའི་དབུས་སུ་ས་གནས་དབུ་འཛིན་གྱིས་བཀའ་ཤག་གི་གསུང་འཕྲིན་ལྗགས་ཀློག་དང་། ཚོགས་གཙོ་མཆོག་གིས་གྲོས་ཚོགས་ཀྱིས་གསུང་འཕྲིན་ལྗགས་ཀློག་གྲུབ་མཚམས་སྐུ་མགྲོན་གཙོ་བོ་ onkar shar ma མཆོག་གི་བཀའ་སློབ་སྙིང་དོན་ནི། “ང་ས་གནས་གང་སར་གཟིགས་སྐོར་འགྲོ་མྱོང་ཡོད་བོད་པའི་སྐོར་མང་པོ་ཞིག་ཤེས་ཀྱི་ཡོད། ངས་སྔོན་མ་ཀོང་རག་ལ་ཏཱ་ལའི་བླ་མཆོག་མཇལ་མྱོང་ཡོད་དེའི་རྗེས་ཁུ་ནུ་ལའང་ཐེངས་གཉིས་པ་མཇལ་མྱོང་ཡོད། ཏཱ་ལའི་བླ་མ་མཆོག་ནི་བོད་པ་དང་རྒྱ་གར་གྱི་ཁེ་ཕན་གཙོ་བོར་མིན་པར་འཛམ་གླིང་སྤྱི་ལ་འགན་ཁུར་གསུམ་ཡོད་ཅེས་གསུངས་པ་བཞིན་འཛམ་གླིང་སྤྱིའི་ཞི་བདེ་སྐྲུན་མཁན་གྱི་སྐྱེས་བུ་ཆེན་པོའ་ཞིག་སོང་ཙང་ང་འདྲ་པོ་ཞིག་གིས་ཏཱ་ལའི་བླ་མ་མཆོག་ལ་འདི་ཡིན་འདི་མིན་ཞེས་གཏམ་བཤད་མང་པོ་བྱས་ན་འཚམས་པོ་མི་འདུག ད་དུང་འདས་པའི་ལོ་རྒྱུས་ཀྱི་ནང་དུའང་འཛམ་གླིང་དུ་མཛད་འཕྲིན་རླབས་ཆེན་གང་དང་གང་མཛད་ཀྱི་ཡོད་མེད་ང་ལ་རྒྱུས་མངའ་ཡོད་བྱས་ཙང་ང་དེ་རིང་སྐུའི་འཁྲུངས་སྐར་གྱི་མཛད་སྒོ་འདིར་ཡོང་བའི་གོ་སྐབས་དེ་ནི་དགའ་ཞིང་སྤྲོ་འོས་པའི་གནས་ཚུལ་ཞིག་རེད། ད་དུང་ང་ཁུ་ནུར་རྫོང་དཔོན ་བྱེད་སྐབས་ས་མཚམས་ཀྱི་དོན་དག་ལ་བོད་དུའང་གཞུང་འབྲེལ་ཐོག་བསྐྱོད་མྱོང་” ཞེས་སོགས་བོད་དང་བོད་མི་བརྩི་དུང་ཟབ་མོ་ཡོད་པའི་རྣམ་འགྱུར་བཅས་བཀའ་སློབ་གསུང་བཤད་དང་ དེ་རྗེས་བོད་རིགས་སློབ་སྤྱི་ཟླ་བ་ཚེ་རིང་ལགས་ཀྱིས་ཐུགས་རྗེས་ཆེའི་གསུངས་བཅས་གྲུབ་རྗེས་སློབ་གྲྭ་དང་ དབྱངས་ཅན་དགའ་ཚལ་གླིང་། རང་བཙན་ཀྱམ། སངས་རྒྱས་ཆོས་གླིང་བཅས་ཀྱི་སེམས་འགུལ་ཐེབས་པའི་མི་རིགས་རང་གི་ངོ་བོ་མཚོན་ཐུབ་པའི་གཞས་སྣ་དང་སེང་གེ་འཁྲབ་སྟོན་སོགས་སྒྱུ་རྩལ་ དང་ལྡན་པའི་ཐོག་འཁྲབ་སྟོན་བྱས་ནས་མི་མང་ཡོངས་ཀྱིས་དགའ་བའི་ཐལ་མོལ་བརྡབ་ཅིང་སྐྱིད་པའི་རྣམ་འགྱུར་མངོན་པ་སོགས་མདོར་ན་མིག་གི་དགའ་སྟོན་དང་རྣ་བའི་བུ་རམ་དུ་གྱུར་པའི་གནས་ཚུལ་དང་། དེའི་རྗེས་ཚོགས་པ་ཁག་འདྲ་མིན་གྱིས་རྒྱན་ཤོག་འཛུགས་པ་སོགས་ལྟད་མོ་འདྲ་མིན་གྱིས་དགུང་མོ་ཕྱག་ཚོད་དྲུག་པར་གཏུགས་ད་དུང་ཚེས་༠༧ལ་ཡང་བརྩི་སྲུང་ཞུས་དང་ཞུ་མུ་ཡིན།ཐེངས་འདིའི་སྐུའི་འཁྲུངས་སྐར ་སྲུང་བརྩི་མཛད་སྒོ་འདི་ནས་ཁོ་བོ་སིམ་ལ་སླེབས་ནས་ལོ་༠༦གི་རིང་རྒྱས་སྤྲོ་ཆེ་ཤོས་གྲ་སྒྲིག་ཡག་ཤོས་ཞུས་སོང་བསམས་པས་ཚོར་འདུན་ཞིག་གིས་རྐྱེན་བྱས་ཏེ་མ་བསྐུལ་དུང་བླང་གིས་ཚེ་རབས་ཀུན་ཏུ་བླ་མ་དམ་པ་༸གོང་ས་སྐྱབས་མགོན་ཆེན་པོའི་སྐུའི་འཁོར་དུ་སྐྱེས་ཤིང་གསུང་གི་བདུད་རྩིར་མོས་པའི་སྐལ་ལྡན་གདུལ་བྱ་ཞིག་ཏུ་འགྱུར་རྒྱུའི་རེ་བ་དང་སྨོན་ལམ་ཞུ་རྒྱུ་ཡིན་པ་ལགས་སོ།།

གསར་འགྱུར་འདི་རྗེས་ལུས་ཐེབས་པའི་རྒྱུ་མཚན་ནི་བ་ཆེན་དྲ་ཐོག་གི་གསར་འགྱུར་དུ་འགོད་རོགས་ཞེས་རྩོམ་སྒྲིག་པ་ལ་ཆོག་མཆན་ཞུས་ནས་རྩོམ་སྒྲིག་ཁང་དུ་བཏང་ཡང་ད་བར་ཉིན་བཞིའི་རིང་སྒུག་ཀྱང་རྩོམ་སྒྲིག་ཁང་གིས་ལས་མིར་ཕྱག་ལས་བྲེལ་བ་ཡིན་གང་ཡིན་མི་ཤེས་གང་ལྟར་འགོད་རྒྱུ་མེད་པས་ད་དུང་དེ་མུར་རྗེས་ལུས་ཐེབས་ན་མི་འགྲིགས་སྙམ་སྟེ་ཟླ་༠༧་ཚེས་༠༩ཉིན་ཁོ་བོའི་ཟིན་བྲིས་ཐོག་བཀོད་དེ་ལྟར་ལགས་སོ།།