ཨ་ཧྥི་རི་ཁའི་གླིང་གི་ལྷོ་སུ་ཌན་དངོས་སུ་རང་བཙན་ཐོབ་པ།

དེ་བཞིན་རང་བཙན་ཐོབ་པའི་དགའ་སྤྲོ་དེའི་ཁྲོད་དུ་རྒྱལ་ཁབ་ཀྱི་སྲིད་འཛིན་གསར་པ་སཱལ་ཝ་ཀིར་གྱི་མཚན་ནས་འབོད་པ་སོགས་ཀྱི་དགའ་སྟོན་རྒྱ་ཆེན་པོ་ཞིག་རྒྱ་ཁབ་ཀྱི་རྒྱལ་ས་ཇཱུ་བྷ་རུ་བྱས་ཡོད་པ་རེད། རེས་གཟའ་སྤེན་པ་ཉིན་ལྷོ་སུ་ཌན་རང་བཙན་ཐོབ་པ་དེ་མི་འབོར་ས་ཡ་གཉིས་ཙམ་འཚོ་གནས་དང་བདེ་སྡུག་གི་ཆེད་དུ། ལོ་བཅུ་ཕྲག་ཁ་ཤས་རིང་འཐབ་རྩོད་དང་དམག་འཁྲུག་གི་ཡོ་ལང་ལས་བྱུང་བའི་གྲུབ་འབྲས་ཤིག་དང་། བཙན་གནོན་ཆེ་བའི་སུ་ཌན་བྱང་མའི་དབང་བསྒྱུར་འོག་ནས་རང་བཙན་ཐོབ་པ་ཞིག་ཡིན་པ་དང་། རྒྱལ་ཚོགས་ཀྱིས་སུ་ཌན་ལྷོ་མ་དེ་བཞིན་འཛམ་གླིང་ནང་གི་རང་བཙན་རྒྱལ་ཁབ་༡༩༣ པ་དེ་ཡིན་པར་ངོས་འཛིན་བྱས་ཡོད་པ་མ་ཟད་ཨ་ཧྤི་རི་ཀའི་ནང་གི་རྒྱལ་ཁབ་༥༤ པ་ཡིན་པའི་ངོས་འཛིན་ཀྱང་བྱས་ཡོད་པ་རེད།

south_sudanརྒྱ་གར་དབུས་གཞུང་ནས་འཚམས་འདྲི་དང་སྦྲགས་འཛམ་གླིང་རྒྱལ་ཁབ་གསར་ཤོས་དང་ལྷན་དུ་ཕན་ཚུན་གཅིག་ཕན་གཅིག་གྲོགས་ཡོང་ཆེད་གཞུང་ཚབ་འཛུགས་རྒྱུའི་གྲོས་མཐུན་མིང་རྟགས་འགོད་རྒྱུའི་བསྐུལ་མ་ཡང་བྱས་ཡོད་ཅེས་གཞུང་འབྲེལ་མི་སྣས་བཤད་ཡོད་པ་རེད། མཛད་སྒོ་ཚོགས་སའི་ལམ་བར་དུ་མི་མང་གྲལ་བསྟར་སྒྲིག་ནས་”སུ་ཌན་ལྷོ་མ་ཡུན་དུ་གནས་པར་ཤོག་”ཅེས་དགའ་འབོད་བྱས་པ་དང་མཛད་སྒོ་རུ་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་གནད་ཡོད་མི་སྣ་ཁག་འཚམས་འདྲིར་ཕེབས་པར་ཕེབས་བསུ་དང་སྦྲགས། རྒྱལ་ཁབ་ཀྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་ཏེེ་སེམས་ཚོར་ཆེན་པོའི་ཐོག་སུ་ཌན་མི་མང་ནས་རྒྱལ་གླུ་བཏང་བ་དང། སྐུ་མགྲོན་ཚོར་གསར་དུ་རང་བཙན་ཐོབ་པའི་སུ་ཌན་ལྷོ་མ་ངོ་སྤྲོད་བྱས་ཡོད་པ་རེད།

རྣམ་པ་གསར་པའི་གྲུབ་འབྲས་དེ་ནི་སྲིད་འཛིན་གསར་པ་སིལ་ཝ་ཀིར་གྱིས་ལོ་ཉི་ཤུ་ལྷག་གི་དུས་ཡུན་རིང་སུ་ཌན་ལྷོ་བྱང་གཉིས་དབར་ཞི་བདེའི་གོ་རྟོགས་ཐོག་ནས་བྱུང་བ་ཞིག་ཡིན་པ་དང་། སྲིད་འཛིན་སིལ་ཝཱ་ཀིར་གྱིས་མཛད་སྒོའི་ཐོག དེང་ཕྱིན་ཆེད་སུ་ཌན་ལྷོ་མར་སྲིད་དོན་གྱི་མཐོང་སྣང་འདྲ་མིན་ལ་བརྟེན་ནས་བཙན་གནོན་རྩ་བ་ནས་ཡོང་གི་མ་རེད། ཅེས་བཤད་ཡོད་པ་རེད། རང་བཙན་གྱི་མཛད་སྒོའི་ཐོག་རྒྱལ་ཁབ་ཕྱི་ནང་གི་དཔོན་རིགས་མི་སྣ་འཚམས་འདྲིར་འགྲོ་འོང་མང་རྐྱེན་ཉིན་གཉིས་རིང་གནམ་ཐང་དུ་མཁའ་ཐོག་འགྲུལ་བཞུད་ཐད་དཀའ་ངལ་ཡང་འཕྲད་ཡོད་པ་དང་། སུ་ཌན་ལྷོ་མ་ནི་འཛམ་གླིང་ནང་སྣུམ་གྱི་ཐོན་ཁུངས་འབེལ་ཤོས་དང་། དེ་བཞིན་ལྕགས་རྡོའི་རིགས་དང་ཕ་ལམ་སོགས་ཀྱི་གཏེར་ཁ་མང་བའི་ས་ཆ་ཞིག་ཡིན་པ་རེད་འདུག།།