ཧོར་ཤུལ་ལ་ཕུལ་བའི་རྒྱང་འཕྲིན།
  རི་ཆུ་བྲག་གསུམ་འཐབ་པའི་གྲུ་ཁ་ཞིག་ན།།
 སྙིང་གི་དཀྱིལ་ན་བསྐོས་པའི་མེས་པོའི་ཁྱིམ།། 
 ཉིན་མཚན་བརྩེགས་མ་ཞིག་གི་ལོ་རྒྱུས་ཁྲོད་ན།། 
 སྐྱིད་པའི་ཕ་ཡུལ་གངས་ལྗོངས་འགོག་ཐུབ་མི་འདུག། 
 འདྲ་མིན་ལབ་གླེང་བྱས་པའི་ཉིན་མཚན་འཕུད་དེ།
། གྲོང་དང་གྲོང་ཁྱེར་མགྲིམས་པའི་ལྗོངས་རྒྱུ་རེ་རེ།། 
 གླང་རྒན་ལྷ་རུ་འཛིན་སའི་ཧིན་ཏུའི་གྲོང་ནས།། 
འཛུམ་པའི་ཞལ་རས་སྐུ་ཡི་རྣམ་འགྱུར་དྲན་སོང་།
