རེ་བསྐུལ་འབྲུག་གི་གད་རྒྱངས།

 

ས་རྩོད་ཆུ་རྩོད་ཕུ་ནུ་ནང་དམེ་དང་།།

ཆོལ་ཁ་ཆོས་ལུགས་བར་ན་འཐེན་འཁྱེར་གཉིས།།

རིགས་མཐུན་ནང་ཁུལ་ངན་པས་གཡེམ་དཀྲུག་སོགས།།

དུག་བཞིན་སྤངས་ནས་ཆོལ་གསུམ་ཆིག་སྒྲིལ་གྱིས།།

 

གྲུ་འཛིན་མགོན་དེའི་ཐུགས་དགོངས་ཟབ་མོ་དང་།།

འདས་པོ་དཔའ་རྒོད་ཚོ་ཡི་ཁ་ཆེམས་གཉིས།།

མུན་དོང་ནང་གི་གསོན་པོའི་མངོན་འདོད་སོགས།།

བསམ་ན་མདོ་དབུས་ཁམས་གསུམ་ཆིག་སྒྲིལ་གྱིས།།

༢༠༡༡། ༧། ༡༧ ཉིན།