རྡ་སའི་བོད་མིའི་རང་གཤིས།
ནུབ་ཕྱོགས་ཡུལ་ལ་འཕུར་ཐབས་མ་འཇོན།།
ཕ་ཡུལ་ཕྱོགས་ལ་ཆོག་མཆན་མ་ཐོབ།།
ཕ་ཡུལ་ཕྱོགས་ནས་རེ་སྒུག་གསོན་པོ།།
རྡ་སའི་རི་ནས་རླུང་ལ་བསྐུར་སོང་། །
ཆབ་སྲིད་མ་ཤེས་ཆ་མེད་ཡུལ་ནས།།
ཆ་མེད་མི་ལ་ངོ་ཚ་སྦྱིན་ཏེ།
། རྡ་སའི་རི་ནས་མི་རྐྱང་འདི་ཚོའི།།
འཆི་གསོན་བར་ནས་མགོ་བོ་འཁོར་སོང་། །
འདོད་པའི་རེ་བ་རུམ་གང་ཁུར་ཏེ།།
འདོད་དོན་མ་འགྲུབ་རྡ་སའི་རི་ན།།
མེད་མུག་བར་ནས་འཆི་གསོན་མ་ཐུབ།།
སྲང་ལམ་འདི་ནས་འདུར་རྒྱུགས་བྱས་སོང་། །
ཁང་གླ་མེད་པའི་ཁང་བདག་མི་རྐྱང་།
འཇོན་ཐང་མེད་པའི་རྡ་སའི་བོད་པ།།
དབྱིན་སྐད་མ་ཤེས་ལོ་ཡང་ཐོན་སོང་།
། ཧིན་སྐད་མ་ཤེས་གྱོང་ཡང་རགས་སོང་།།