Skip to content
You are here:Home » ནང་བསྟན་རིགས་གནས་དར་སྤེལ་ཚོགས་འདུ་ཐེངས་དང་པོ།

གཞི་ རིམ་མང་ཚོགས་ནང་དུ་ཡིག་རྨོང་གི་དཀའ་ངལ་སེར་པའི་ཐབས་ལམ་སྣ་ཚོགས་གོ་སྒྲིག་ བྱེད་བཞིན་ཡོད་པ་རེད། དཔེ་མཚོན་ཙམ་ཞུས་ན། ཀ་ཁ་ཙམ་མི་ཤེས་མཁན་རྣམས་དང་དེ་ལས་ཏོག་ཙམ་ཡི་གེ་སྦྱོར་ཀློག་ཤེས་མཁན་རྣམས་ལ་ འོས་བབ་ཀྱི་དགེ་རྒན་གོ་སྒྲིག་བྱེད་བཞིན་ཡོད་པ་སོགས། ལས་རིམ་སྣ་ཚོགས་གཏན་འབེབས་བྱུང་ཡོད་པ་རེད། གོང་གི་གྲོས་ཆོད་དེ་དག་ཀྱང་མང་མོས་དང་སྤྱི་མོས་གང་རུང་གི་སྒོ་ནས་ཚོགས་ཐོག་ ཏུ་ཐག་གཅོད་བྱུང་བ་ཞིག་ཡིན་པ་མ་ཟད། དེ་དག་རིམ་པའི་ལག་བསྟར་ཡོང་ཆེད་དང་།
དེར་ དཀའ་ངལ་བྱུང་རིགས་ལ་དཔལ་འབྱོར་དང་སློབ་གསོ་དེ་བཞིན་དགོན་པའི་དཔེ་འཁྲིད་མཁན་ པོ་དང་། ཡུལ་ཚོའི་ནང་དགེ་རྒན་རེག་མིན་སོགས་ཀྱི་མཚོན་པའི་དཀའ་ངལ་རིགས་ལ་གཏོང་ལེན་དང་ རྒྱབ་སྐྱོར་བྱེད་མཁན་གྱི་ཚོགས་པ་ཞིག་ཀྱང་ཆེད་འཛུགས་གནང་ཡོད་པ་རེད། ཚོགས་པ་དེ་ཡང་མང་གཙོའི་འགྲོ་སྟངས་གཞིར་བཟུང་གི་ཐོག་འོས་ཤོག་གི་ལམ་ནས་ཚོགས་ གཙོ་ཚོགས་གཞོན་གྱི་གཙོས་ཚོགས་མི་གཅུ་གསུམ་ལས་གྲུབ་པའི་ཚོགས་ཆུང་ཞིག་ཀྱང་ བསྐོ་་འཛུགས གནང་ཡོད་འདུག། །།