རྣམ་ཤེས་བར་སྟོང་འཁྱམས་པའི་མི་ཚོགས་ཤིག
དྲི་མས་མ་བསླད་པའི་ན་གཞོན་སྟོང་གིས་རྩོམ་རིག་གི་ཆུ་རྒྱུན་འབེབས་དུས། །
ངེད་ཅག་མཐོ་རིམ་སློབ་མས་གཏི་མུག་གི་སྨག་རིམ་དུ་འགྲིམས།
དབུས་འགྱུར་ཞིང་གི་རྒྱལ་སར་ཡུལ་གྱར་བོད་མི་འབུམ་ཕྲག་གིས་བདེན་པའི་འཐབ་རྩོད་ཀྱིས་གླུ་དབྱངས་ལེན་ཞིང༌མདུན་བསྐྱོད་གོམས་སྟོབས་བསྒྱུར་དུས།
ང་ཚོའི་དགེ་སློབ་ཚོས་རྩེད་འགྲན་དང་ཁྲོ་མིག་གིས་ལོ་ཟླ་བསྐྱལ།
སྦྲ་གུར་དང་གདོང་ཐག་དཀྱིལ་ནས་འབྲོག་པ་ཚོས་ངུ་ངག་དང་ཀི་སྒྲ་འདྲེས་མས་དམར་གཞུང་ལ་ཕར་རྒོལ་བྱེད་དུས།
ང་ཚོས་ཞབས་བྲོ་དང་ལྟད་མོ་ཁང་དུ་བདེ་སྐྱིད་ཀྱི་དགའ་སྟོན་མྱོང་།
