༄༅།། ཧམ་སེམས་ཀྱི་མི་ཡུལ།

ཁྱོད་ཤི་ང་གསོན་དང་འཇིག་རྟེན་འདིར་གཡུར་ས་དམར་པོ་ཞིག་ལ་བསྒྱུར་བ་ང་ཚོ་རྐྱང་རྐྱང་རེད་ ད་དུང་ཡང་འདྲན་རྩོད་དང་གཏོར་བཅོམ་གྱི་གཡུར་ས་ན་འོདད་པ་མ་ཚིམ་པར་ཡོད་ཚད་གཏན་རུལ་བཏང་སྟེ་སྣངབརྒྱག་དང་ཧམ་བཤད་རྐྱང་རྐྱང་གིས་ཉིན་མཚན་བྲེལ་་་་

 

་གནམ་འོག་ལ་འུར་ཟིང་གྲངས་མེད་བསླངས་ཡོད་ཚད་རང་ཉིད་ཀྱིས་ཆེད་དུ་འབད་འབུངས་བྱས་པ་བགྲངས་ཀྱི་མི་ལངས་མོད་་་་་་་ད་དུང་རང་འདོད་ཀྱི་ལམ་ཁ་ཞིག་རུལ་སོང་རེ་བསྙེག་ཡོད་ཚད་ཕ་མཐར་ཁུར་་་་་་་་་་་་་སྙིང་རླུང་དང་འཁུན་སྒྲ་མཉམ་དུ་བསྡེབས་བཞིན་མཐོ་དམན་གྱི་སྟེགས་བུ་རྩོད་བཞིན་ཞེ་མཁོན་རྐྱང་རྐྱང་གི་འཁྲུལ་གཞི་སེམས་ལ་བསགས་འཕག་འཚག་དང་བག་གཡང་ལ་བྲེལ་་ མཐའ་མཇུག་གི་རེ་བསམ་མར་མར་ཟགས་ཏེ་སྐྱོ་ཤས་ཀྱིས་མིག་ཆུ་ངོ་གདོང་ནས་བཞུར་་ ཟིང་ཟིང་དང་འུར་འུར་གྱི་ཁྲོད་ན་རང་མགོ་རང་གིས་གཡོག་བཞིན་ད་དུང་ཡོད་མདོག་དང་རྫིགས་མདོག་བྱས་་་་་་་་་་་་་་་་་་་་མདུན་བསྐྱོད་དང་རེ་བ་རྒྱ་མཚོའི་འོག་རུམ་ལ་མནན་ཅིང་སྣང་མེད་དུ་མདུར་རྒྱུག་དང་ལེ་ལོའི་ངོ་གདོང་ན་རྒས་ཡོལ་ལ་བྱིན་པ་ད་དུང་ངོས་མ་ཟིན་པར་ཇི་ཞིག་གི་ལན་པ་ཡིན་ནམ་་་་་་་་་་་་ལྷག་རླུང་གི་གྲུ་ཁ་རེ་ན་དགའ་སྐྱོའི་གླུ་དབྱངས་འཐེན་བཞིན་མི་ཚེའི་ལོ་རྒྱུས་རྡུལ་གྱིས་ཁེངས་་་་་་་་་་་བསམ་བསམ་འདོད་འདོད་ཀྱིི་ཨུ་ཚུགས་ཚ་བོ་ཞིག་དང་མཉམ་དུ་ད་དུང་ཤ་ཁྲག་དང་སྤག་རྫག་ལ་འོདད་རྔམ་ཆེ་བའི་མི་ཡུལ་གྱི་སྨྱོན་པ་ང་ཚོ་མ་ཡིན་ནམ་ཀླད་འཁྲེགས་དང་ལོག་ཞེན་གྱི་ཁེངས་བའི་གནམ་འོག་ལ་གས་ཆག་དང་སྙིང་ནད་བསློང་མཁན་ང་ཚོ་མ་ཡིན་ནམ་་ ཡོད་ཚོད་འཕོང་ལ་སྦྱོར་བའི་ནག་ཅན་ཁྱུ་ཚོགས་དེ་འུ་ཅག་རེད་དམ་གཞན་ཞིག་ཡིན་ནམ་་་ ཐོབ་ཐང་དང་རང་རྒྱལ་གྱི་ཞེ་འདོད་སྒྲུབ་བཞིན་ཧམ་སེམས་ཀྱིས་ཡོད་ཚོད་གཏོར་བཤིགས་བཏང་མཁན་ང་ཚོ་ཁོ་ན་ཡིན་ཀྱོག་ཀྱོག་གི་བསམ་གཞིག་དེས་རང་མགོ་རང་གིས་བཅོམ་སོང་པ་དེ་ད་དུང་ངོས་ཟིན་མེད་པ་ཅི་ཡིན་ནམ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་