སུ་ཇཱ་སློབ་གྲའི་སློབ་མ་ཞིག་རྐྱེན་འདས་སུ་བཏང་འདུག
ཕ་ཡུལ་ཁམས་ཏྲེ་ཧོར་བྲག་མགོ་རྫོང་ཁོངས་ཏྲེ་བོ་མཚོ་མགོ་ནས་ཡིན་འདུག སྤྱིར་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ནང་རྒན་བདག་བུ་དང་བུ་མོ་རྣམས་ཀྱིས་སློབ་ ཕྲུག་ནོར་འཁྲུལ་ཤོར་མཁན་རྣམས་ལ་ཉེས་རྡུང་གཏོང་བའི་ལུགས་སྲོལ་འདི་ཤུགས་ཆེ་ ཡོད་པ་དང་། དམིགས་ཡུལ་ནི་སྒྲིག་འཛུགས་ལག་བསྟར་ཚོགས་ཆུང་སོགས་སློབ་གྲྭའི་དགེ་རྒན་རྣམས་ ལ་རྩིས་སྤྲོད་བྱས་ན་སློབ་གྲྭ་ནས་ཕྱིར་འཕུད་བྱེད་དགོས་པའང་ཡོང་གི་ཡོད་པས། གོང་རིམ་ལ་རྩིས་འབུལ་མ་དགོས་པར་གཤམ་ནས་ཐག་གཅོད་ཡོང་ཐུབ་པའི་ཆེད་རྒན་བདག་ རྣམས་ལ་གོང་རིམ་ནས་མར་སྤྲད་པའི་བྱེད་ཐབས་ཤིག་ཏུ་གྱུར་ཡོད་འདུག སུ་ཇཱ་བོད་ཁྱིམ་ལ་མཚོན་ན་ཕྲུ་གུ་མང་ཆེ་ བ་ཆེན་པོ་འབའ་ཞིག་ཡིན་པས་རྒན་བདག་གིས་ནང་ཁུལ་ཉེས་རྡུང་གཏོང་བའི་སྐབས། ཕན་ཚུན་ཁ་ལན་སློག་པ་སོགས་ཀྱི་གནས་ཚུལ་ཡོང་ངེས་དང་དེ་ལ་བརྟེན་ནས་རླུང་ལངས་ ཏེ་ཉེས་རྡུང་ཚོད་མེད་གཏོང་ཤོར་བའི་གནས་ཚུལ་ཡང་ཡོང་གི་ཡོད་པ་ཞིག་རེད། དཔེར་ན་ལོ་སྔོན་མའི་ནང་སློབ་ཕྲུག་བུ་མོ་ཞིག་ལ་བུ་མོ་རྒན་བདག་ཁ་ཤས་ཀྱིས་ཉེས་ རྡུང་ཚབས་ཆེན་བཏང་ནས་སྨན་ཁང་དུ་བསྟེན་གཏུག་བྱེད་དགོས་པ་ཞིག་བཟོས་འདུག།བོད་ཀྱི་བང་ཆེན་གྱི་དྲྭ་ཚིགས་ལས་ཤུས།