འབོད་སྒྲ་ཚིག་གསུམ།

ཆོལ་ཁ་མཆོག་འཛིན་ཆེ་བའི་སྤུན་ཟླ་ཚོའི།།

ཕན་ཚུན་གྲོགས་པོར་གྱུར་ན་དགའ་བ་ལ།།

མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ལམ་སྣ་སྟོན།།

ཐམས་ཅད་ཕ་མ་གཅིག་གི་བུ་རྒྱུད་ཡིན།།


གྲོས་ཚོགས་དབྱེན་དཀྲུག་གནང་བའི་སྤྱི་འཐུས་ཚོའི།།

ནར་ནར་ལྕེ་ལ་བདག་པོ་བརྒྱབ་ན་དགའ།།

དགྲ་དགའ་གཉེན་སྡུག་འཁོན་རྩོད་བྱེད་པ་ནོར།།

ཐམས་ཅད་རྩ་དོན་གཅིག་གི་འགན་འཁུར་ཡིན།།


དྲ་གྲོགས་ཚོ་བཀྲ་ཤིས་བདེ་ལེགས་ཞུ་བ་ཆབས་ཅིག་གུས་པས་ཟིན་བྲིས་ནང་རྙོག་གླེང་དང་ཕྱོགས་ཞེན་ཆེ་བའི་གདོང་རེས་དངོས་མེད་ཀྱི་རིགས་ལ་ཡ་ལན་མི་བྱེད་ཐག་ཆོད་ཡིན། གལ་དེ་བགྲོ་གླེང་སོགས་བྱེད་འདོད་ན་གདོང་དངོས་སྟོན་ནས་ཕེབས་དང་དགའ་བསུ་ཞུ།