ཡེ་མེན་གྱི་སྲིད་དབང་རྩིས་སྤྲོད་རྒྱུ་ཡིན་ཟེར།

སྲིད་འཛིན་ཨ་ལི་ཨབ་དུལ་ལ་ས་ལེ་ཧ་ནི་ད་ལྟ་ས་ཨུ་དི་ཨ་རབ་ནང་དུ་ཡོད་ཅིང།    ཟླ་ཤས་སྔོན་དུ་ཁོང་འབར་རྫས་ཀྱི་གཏོར་རྒོལ་ནང་མེས་འཚིག་གི་དོན་སྐྱེན་འོག་སྨས་སྐྱོན་བྱུང་རྗེས་ས་ཨུ་དི་ཨ་རབ་ནང་སྨན་བཅོས་བྱེད་ཀྱི་ཡོད་པ་རེད།   ད་ལྟ་ཁོང་གི་སྨས་སྐྱོན་ལ་སྨན་བཅོས་ཐུབ་སྟེ། སྲོག་ལ་ཉེན་ཁ་མེད་ནའང་རང་གི་ཤ་མདོག་དེ་མེས་ཚིག་རྐྱེན་ནག་པོར་གྱུར་ཡོད་པ་རེད།    ཡེ་མིན་གསར་ཁང་གིས་ཁོང་ལ་ཆབ་སྲིད་བཅོས་འགྱུར་སྐོར་བཅར་འདྲི་ཞུས་པའི་ལན་དུ།  ང་ལ་སྲིད་དོན་ཚོགས་པ་(General People’s Congress)ཡིས་ཁ་ཆེ་མཚོ་ཁུག་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྣེ་ཁྲིད་བྱས་པ་དེར་ངོས་འཛིན་བྱས་ཏེ། དེ་བཞིན་ལག་བསྟར་ཡོང་སྒྱུར་མུ་མཐུད་ནས་འབད་བརྩོན་བྱེད་ཀྱི་ཡོད།    ཁ་ཆེ་མཚོ་ཁུག་མཉམ་འབྲེལ་ལྷན་ཚོགས་ཀྱིས་དམིགས་ཀར་དུ་ཕྱོགས་འགལ་ཚོགས་པ་དང་གྲོས་མོལ་བྱས་ཏེ་ཡུལ་གྱི་རྩོད་རྙོག་རྣམས་འདུམ་འགྲིག་ཡོང་བ་བྱེད་ཀྱི་ཡོད།   དེར་བརྟེན་དེ་ལྟར་ཡོང་ཆེད་ལས་དོན་གྱི་རྒྱུད་རིམ་ཞིག་བཙལ་ཏེ་ཆབ་སྲིད་ཀྱི་དབང་ཚད་དེ་ཟིང་འཁྲུག་མེད་པའི་ངང་ནས་རྩིས་སྤྲོད་བྱེད་རྒྱུ་རེད།   ཅེས་གསུངས་ཡོད་པ་རེད།

སྲིད་འཛིན་ཨ་ལི་ཨབ་དུལ་ལ་ས་ལེཧ་ཡིས་ཡ་མིན་ལ་དབང་འགྱུར་བྱས་ནས་ལོ་ ༣༣ འཁོར་གྱི་ཡོད་པ་དང།    ༢༠༡༣ ལོར་ཁོང་གི་དུས་ཡུན་དེ་རྫོགས་བཞིན་པར་བརྟེན་ཆབ་སྲིད་ཀྱི་བཅོས་བསྒྱུར་དེ་རྒྱལ་ཁབ་གྱི་རྩ་ཁྲིམས་གཞིར་བཟུང་བསྒྱུར་བཅོས་གཏོང་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།  སྐབས་དེར་རྒྱལ་ཚོགས་སྲུང་སྐྱོབ་ལྷན་ཁང་ནང་གིས་ཡ་མེན་མི་མང་གི་མངོན་འདོད་ལྟར་སྲིད་གཞུང་གི་འགན་ལེན་དེ་ཡང་དག་པའི་སྒོ་ནས་རྩིས་སྤྲོད་བྱ་དགོས་པ་བརྗོད་ཡོད་རེད།

དེ་འབྲེལ་རྒྱལ་ཚོགས་དྲུང་ཆེའི་ཡེ་མེན་འབྲེལ་མཐུད་པ་སྐུ་ཞབས་ཇ་མལ་བྰེ་ནོ་མར་གང་མགྲོགས་ཡེ་མེན་གྱི་རྒྱལ་སར་འབྱོར་རྒྱུ་ཡིན་འདུག།    དེ་སྔ་ཏུ་ནེ་ཤི་ཡ་དང་ཨི་ཇིབ་ཏ་ལུང་པའི་ནང་མི་སེར་གྱིས་སྲིད་གཞུང་བདག་བཟུང་བྱེད་མི་རྣམས་ཀྱིས་སྲིད་དབང་གློད་དགོས་པའི་ངོ་རྒོལ་བྱས་པ་དང་ཡེ་མེན་ནང་དུའང་མི་སེར་ཚོས་དེ་ལྟར་བྱེད་འགོོ་ཚུགས་ཡོད་པ་རེད།    ད་ལྟ་ཡེ་མེན་གྱི་ལྷོ་ཁུལ་ས་ཆ་མང་པོ་ཞིག་ཁ་ཆེ་དྲག་སྤྱོད་པའི་མངའ་འོག་ཏུ་ཡོད་པ་དང་སྲིད་གཞུང་དང་འཐབ་འཁྲུག་འབྱུང་བཞིན་པར་བརྟེན།   མི་སེར་ ༩༠༠༠༠ ལུང་པ་བཞག་ནས་སྐྱབས་བཅོལ་དུ་འགྲོ་དགོས་བྱུང་ཡོད་པ་རེད།     སྲིད་འཛིན་ཨ་ལི་ཨབ་དུལ་ལ་ས་ལེཧ་ལ་དེ་སྔོན་ཁ་ཆེ་མཚོ་ཁུག་མཉམ་འབྲེལ་ལྷན་ཚོགས་ཀྱིས་མི་མང་ལ་སྲིད་དབང་རྩིས་སྤྲོད་བྱ་དགོས་པའི་གྲོས་འཆར་བཏོན་པ་དེར་ཐེངས་གསུམ་ཙམ་ཁས་ལེན་ཞུས་ཡོད་ནའང་མཐའ་མཇུག་ཏུ་ཁས་ལེན་བྱས་མེད་པ་རེད།།