ལྕམ་རཱ་བྷི་ཡ་ཁཱ་ཌས་རྒྱ་ནག་མི་མང་ལ་འབོད་སྐུལ།
རྒྱ་ནག་གི་འོག་ཏུ་ཡོད་པའི་ཡུ་གུར་མི་རིགས་ཚོས་རང་དབང་དགོས་འི་ངོ་རྒོལ་ལས་འགུལ་དུས་རྒྱུན་སྤེལ་གྱི་ཡོད་པ་དང་། ཉེ་ཆར་ཡུ་གུར་གྱི་གྲོང་ཁྱེར་ཧོ་ཏན་དང་ཀཤ་གཱར་གཉིས་ཀྱི་ནང་ཡུ་གུར་མི་མང་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་མི་གྲངས་༣༠ ཙམ་རྐྱེན་འདས་སུ་ཕྱིན་ཡོད་པ་དང། རྒྱ་གཞུང་གིས་ད་ལྟ་ཡུ་གུར་བ་ཚོའི་ཐོག་རྡུང་རྡེག་ཚ་ནན་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་རེད། ལྕམ་རཱ་བྷི་ཡ་ཁཱ་ཌིར་གྱིས་བརྗོད་དོན་དུ། ཡུ་གུར་ནང་གི་གནས་སྟངས་ཉིན་རེ་བཞིན་ཇེ་སྡུག་དུ་སོང་བར་བརྟེན། ཡུ་གུར་དང་རྒྱ་མི་རིགས་དབར་གྱི་དཀའ་རྙོག་དེ་གཏན་དུ་སེལ་ཐུབ་པའི་ཐབས་ལམ་འཚོལ་དགོས་པ་ངས་ནས་རྒྱ་ནག་མི་མང་ཚོར་ཐད་ཀར་འབོད་སྐུལ་བྱེད་ཀྱི་ཡོད། རྒྱ་གཞུང་ལ་དཀའ་རྙོག་དེ་སེལ་རྒྱུར་ཆོད་སེམས་མེད་པའམ་ཡང་ན་སྙིང་སྟོབས་མེད་པ་ཡིན་པས། གལ་ཏེ་བསམ་པ་རྣམ་དག་ཡོད་པ་ཡིན་ན། རྡུང་རྡེག་ཚ་ནན་གཏོང་བ་དུས་ཚོད་དང་མི་མཐུན་པའི་ལས་གཞི་ལག་བསྟར་བྱེད་ཀྱི་མ་རེད་ཅེས་གསུངས་ཡོད་པ་རེད།
ཡུ་གུར་མི་རིགས་ལ་ཡང་རྒྱ་གཞུང་གིས་དམ་དྲག་ཆེན་པོས་དབང་སྒྱུར་བྱེད་པ་དང། མི་རིགས་ཀྱི་ལས་འགུལ་བ་ཚོར་དྲག་གནོན་ཐེངས་མང་བྱེད་མྱོང་ཡོད་པ་རེད།།
