ར་སོང་མེད་པའི་སློབ་གྲོགས་ཤིག་ལ་ཆེད་བྲིས།

མགྲོན་མཁར་གྲོང་ཁྱེར་དབུས་སུ།། ལམ་སྒྲོན་འཕྲེད་ཀྱིས་བཅད་དེ།།

སྤྱི་འཁོར་འབབ་ཚིགས་མདོ་ནས།། སྒུག་ཀྱང་བསླེབ་ཀྱི་མི་འདུག།

བོད་མིན་རྒྱ་མིན་ཞིག་ལ།། སྐད་ཆ་ཚིག་གསུམ་དྲིས་ཀྱང་།

ད་ལྟ་བཞིན་ལས་ཁང་ནས།། སྤྲག་སྲིད་ཁང་ལ་ཕེབ་ཟེར།།

མགྲོན་བྲང་ཕྱོགས་སུ་བསྐྱོད་སྐབས།། གཟུགས་མཐོང་ལག་འཕྲིན་ནང་ནས།།

ཁ་པར་གྲངས་མང་བརྒྱབ་ཀྱང་། བརྡ་ལན་མ་གནང་སྐྱོ་སོང་།