འདས་སོང་གི་མྱོང་ཚོར་ཟུར་གཅིག།
ཕྱི་སྐྱོད་ལམ་ཡིག་དེབ་ཆུང་། རྒྱལ་ཁབ་བསྐོར་བའི་སྙིང་གྲོགས།།
ལམ་ཡིག་འདི་ཉིད་མེད་ན།། དེ་རིང་འདི་རུ་འོང་དཀའ།།
དོང་ལམ་བསྟར་འཁོར་ནང་ནས།། སྔོན་ཆད་མ་མཐོང་ལྟད་མོ།།
དེ་རིང་མིག་མདུན་མཐོང་སྐབས།། སྔར་མེད་ཚོར་བས་བཟི་སོང་།
བསྣོལ་ཟམ་སྒང་ནས་བལྟས་ཚེ།། ཡིད་འོང་མཛེས་སྟུག་ལྗང་མདོག།
མངོན་སུམ་ཡུལ་དུ་སྣང་སྐབས།། ལྗོངས་འདིའི་བྲོ་བ་མྱོང་སོང་།།
གནམ་ཟམ་མཐོན་པོའི་སྟེང་ནས།། མཚན་མོའི་གློག་སྒྲོན་མཇལ་བྱུང་།།
གློག་སྒྲོན་ངོགས་ནས་གྲོང་ཁྱེར།། ཁྲ་ཆེམ་མིག་ལ་བཀོད་སོང་།
ཡིག་འབྲི་ཁང་ལ་བྱིན་ནས།། མགྲོན་ཁང་ཉིས་བརྩེགས་ཤིག་ནས།།
ནུབ་གཅིག་འདི་རུ་བསྟད་དེ།། ཁུ་སིམ་ནང་ནས་གཉིད་སོང་།
ངེས་མེད་གྲོང་ཁྱེར་མགྲིམས་པའི།། སེམས་ཀྱི་འཆར་སྣང་སྣ་ཚོགས།།
དྲན་ངོགས་འདི་ནས་འཁྱུག་སྐབས།། ཤོག་དཀར་ངོས་སུ་ཕབ་ཤོར།།
གསོན་ཉམས་ལྡན་པའི་མྱོང་ཚོར།། ངེས་མེད་མགྲིམས་པའི་ལྡོམ་བུས།།
སེམས་ཀྱི་གྲོགས་ལ་གླེང་སྐབས།། ཚོར་བས་གསོན་ནམས་བསྟན་སོང་།
ལེགས་པའི་རྩོམ་ཡིག་མ་རེད།། སྨྱོན་པའི་མྱོང་ཚོར་ཐངཅིག།
འདས་སོང་རྨི་ལམ་ནང་ནས།། མ་བརྗེད་འདི་ན་བཀོད་ཡོད།།
གངས་རིའི་འཁྱམ་པོ་གསེར་རྟ་བསོད་ནམས་ཕུན་ཚོགས་སམ་གངས་འབྲོང་སྲས་སུ་འབོད་པས་མྱོང་ཚོར་འགའ་ཞིག་བྱང་ཕྱོགས་ཧི་མ་ཅལ་ནས་སུག་བྲིས་བགྱིས་སོ།།༢༠༠༡༡ ༨ ༢༢
