༄༅།། མི་དབང་འཇུ་ཆེན་ཐུབ་བསྟན་ལ་སྤྲིངས་བའི་སེམས་གཏིང་གི་མིག་ཆུ་ཆ་གཅིག།
མི་ཚེ་རྒྱལ་ཁབ་ཀྱི་ཆེད་དུ་བློས་བཏང་གནངས། ད་དུང་ཁྱེད་ཀྱི་ཐུགས་བློ་མ་ཁེངས་པར།
མི་རིགས་དང་ཕ་ཁྱིོམ་ལ་ཕྱིར་མིག་གནང་།
རིག་ཞེན་གྱི་རོལ་དབྱངས་དཀར་པོ་ནམ་ཡང་ཆད་མྱོང་མེད།
ལྷག་བསམ་དཀར་བའི་མི་དབང་འཇུ་ཆེན་པ། ང་ཚོའི་ཁྱིམ་གཞིས་ཀྱི་དྲོལ་ཁོལ་ཁད་ཀྱིས་ཡལ།
ང་ཚོའི་ཚེ་སྲོག་གི་གངས་རྒན་འགྱེལ།
སྲིད་སྐྱོང་བློ་སེང་སོགས་ཀྱི་ཐུགས་སེམས་ལ་རླུང་འཚུབ་དྲག་དུ་ལྡང་།
ཡིད་སྐྱོའི་ངོ་ཁ་ན་སྨྲེ་ངག་གིས་མིག་ཆུ་བར་མེད་ཟགས། རེ་བ་འབུམ་ཕྲག་གི་ཁུགས་སོ་ནས།
ཕ་ཁྱིམ་ལ་གཏན་དུ་གྱེས་དགོས་བྱུང་། གཞིས་འཛོམ་གྱི་དུས་སྟོན་མ་མྱོང་པར།
འཇིག་རྟེན་གཞན་ཞིག་ལ་ཕེབས་དགོས་བྱུང། འུ་ཅག་གི་ཁྲིམ་གཞི་ལ།
ལྷགས་རླུང་ནག་པོ་ཁད་ཀྱིས་ལྡང་། བར་དོའི་སྐྱེས་སུ་འོད་མཚན་དང།
བགྲང་ཡས་ཚོགས་ཟུང་སོགས་ཀྱིས་སྐྱེལ་མ་གང་མང་ཕུལ།
སེམས་གདུང་གི་སྐྱོ་ཤེས་གྲང་མོ་ཞིག་བྲང་གཞུང་ན་ལྷོག་ལྷོག་རྒྱུ་སྐབས་བཞུགས་སྒར་
རྡ་རམ་ས་ནས་གསེར་རྟ་བསོད་ནམས་ཕུན་ཚོགས་སམ་རྩམ་ཟན་འབྲོང་སྲས་སུ་འབོད་པས་
རང་རིགས་ལ་བཀའ་དྲིན་གཞལ་མཐའ་དང་བྲལ་བའི་བཀའ་ཟུར་མི་དབང་འཇུ་ཆེན་
དམ་པ་དགོངས་པ་གཞན་དུ་གཤེགས་ནས་ཉིན་གསུམ་པའི་སྔ་དྲོ་ལ་ཁོང་གི་མི་རིགས་ལ་
བཅངས་བའི་ཕྱག་ལས་རྣམས་དྲན་བཞིན་སྐབས་རྗེས་དྲན་གྱིས་ཚུལ་དུ་སུག་བྲིས་བགྱིས་སོ།།