བལ་ཡུལ་དུ་འབར་རྫས་གས་འཐོར།

དེ་ནི་ཕྱི་ཚེས་༥ ཉིན་གྱི་ཞོགས་པར་བལ་ཡུལ་མཐའ་མཚམས་ Sunsari ཞེས་བའི་རྫོང་ཁོངས་སུ་ཡོད་པའི་ C Max Food ཁེ་ལས་བཟོ་གྲྭའི་སྒོ་ཆེན་མདུན་ནས་འབར་རྫས་དེ་བཀས་འཐོར་བྱུང་ཡོད་པ་དང་། དེ་ནི་རྒྱ་ནག་གིས་མ་འཛུགས་བྱས་པའི་ཁེ་ལས་ཚན་པ་ཞིག་ཡིན་འདུག།

འབར་རྫས་དེ་ནི་ཐབ་ཆས་བེད་སྤྱོད་བྱས་ནས་བཟོས་པ་ཞིག་ཡིན་པ་དང་། ད་ལྟའི་ཆར་མི་སྣ་ཤི་རྨས་སོགས་གང་ཡང་བྱུང་མེད་པ་རེད། འབར་རྫས་དེ་ཁུལ་དེའི་ཚོགས་པ་ཞིག་གིས་སྤེལ་བ་ཡིན་ཚུལ་བརྗོད་བཞིན་ཡོད་ཀྱང་གསལ་བོ་ར་སྤྲོད་བྱུང་མེད་པ་རེད།
བལ་ཡུལ་ས་གནས་གསར་འགོད་པས།