རང་ཡུལ་ལ་ལྡོག་ན་འདོད།

ཨ་ཕས་བཞགས་པའི་རྡོ་ཁང་ཆུང་ཆུང་།

ཡ་ཆུང་སེམས་པ་དྲོ་སའི་རྡོ་ཁང་ཡིན།

ཨ་ཕའི་རྡོ་ཁང་དེ་དྲན་དུས།

རང་ཡུལ་ལ་ལྡོག་ན་འདོད།

 

གཞན་ཡུལ་གྱི་གྲོང་ཁྱེར་འདི་ན།

སྣ་བཀྲ་ཡི་ལྡུམ་ར་ཡོན་ན་ཡང་།

ལྷད་མེད་ཀྱི་སེམས་པ་ཤོར་ས།

རང་ཡུལ་གྱི་གངས་ལྷ་མེ་ཏོག་དང་སྤང་རྒྱན་མེ་ཏོག་ཡོད།

རི་ཆུ་དང་རྩ་ཐང་གི་མཛེས་སྡུག་དེ་འཆར་དུས།

ས་མཐའ་འདིར་བསྡད་འདོོད་མི་འདུག

 

གཞན་ཁྱིམ་གྱི་ཡུལ་གྲུལ་འདི་ན

འདྲ་མེད་ཀྱི་མི་རིགས་སྣ་ཚོགས་འཕྲད་ན་ཡང་།

དྭངས་གཙང་འོ་ཆུང་ཇི་བཞིན།

ཤ་རུས་ཁྲག་གསུམ་འབྲེལ་བའི་གཅེན་གཅུང་ཚོས་སྒུག་ནས་ཡོད།

ངས་གཅེན་གཅུང་ཚོ་དྲན་པའི་ན་ཟུག་ལྡང་ཐེངས་རེད་ལ།

རང་ཡུལ་ལ་ལྡོག་པ་ཧ་ཅང་འདོད།

 

ཆ་མེད་ཀྱི་གཞན་ཡུལ་འདི་ན།

སྣུམ་ནག་གི་ཐང་རྒྱ་ཆེན་ན་ཡང་།

རང་ཡུལ་གྱི་ཡིད་སེམས་འཕྲོག་ས་དེ་

ནའིབསིལ་གྱི་རྩྭ་ཐང་གི་མཛེས་སྡུག་ཉག་གཅིག་ཡིན།

དྲི་བསུང་ཁ་བའི་མེ་ཏོག་འདབ་མ་དེ་དྲན་དུས།

ཆེས་སྐྱིད་པའི་ཕ་ས་ལ་ལྡོག་ན་འདོད།