ཕྱོགས་ལྷུང་མེད་པའི་བསམ་འཆར།

Read More

 

བསྟན་པའི་སྙིང་པོ་དྲི་མ་མེད་པའི་ལམ་བཟང་འདི་ལ་ཤེས་ནས་དད་པ་ཐོབ་པའི་དཔྱོད་ལྡན་དགེ་ལུགས་རྒྱུགས་སྤྲོད་བ་རྣམ་པ་དང་། ཐོས་པ་དང་བསམ་པ་དང་སྒོམ་པ་མཐར་ཕྱིན་པའི་མཚུངས་མེད་གདན་གསུམ་གྱི་མཁན་པོ་རྣམ་པ་གཙོ་པས་རྒྱུགས་བཞེས་བ་རྣམ་པ་ལྷན་རྒྱས་ལ།   གུས་པ་སྐལ་བཟང་ཆོས་ལྡན་ནས་སྙིང་ཁོག་རུས་པའི་གཏིང་ནས་གུས་པ་ཆེན་པོ་སྔོན་དུ་བཏང་སྟེ།  གང་ཞུ་བར་བྱ་བ་ནི་སྤྱིར་རྒྱུགས་སྤྲོད་འདི་ནི་འོས་ཤིང་འཚམ་པའི་གཟི་བརྗེད་ལྡན་པ་ཞིག་ཡིན་པས།  གུས་པ་ལྟ་བུ་ཞིག་གིས་བསམ་འཆར་གང་ཡང་ཞུ་རྒྱུ་མེད། འོན་ཀྱང་རྒྱུགས་སྤྲོད་འདིར་ཞུགས་སྟངས་ལ་ཅང་ཟད་ཅིག་མ་ཞུ་ཐབས་མེད་བྱུང་བ་ནི་སྤྱིར་འཛམ་གླིང་གང་དུ་བསྐྱོད་ཀྱང་ཐ་ན་དམར་ཤོག་ཅན་གྱི་རྒྱ་ནག་ཡིན་ནའང་།  ལོ་གཅིག་ལ་མི་གྲངས་ཇི་ཙམ་འཛིན་གྲྭར་ཐོན་ཡང་ཡོངས་རྫོགས་སློབ་འབྲིང་དང་སློབ་ཆེན་རིམ་བཞིན་དུ་གཏོང་བ་ལས་དེར་བཀག་འགོག་ཅི་ཡང་མི་བྱེད་ན།  ང་ཚོས་ནང་པ་སངས་རྒྱས་པའི་བསྟན་པ་དྲི་མེད་པ་འདིས་འཛམ་གླིང་ཡུལ་གྲུ་ཀུན་ལ་ཞི་བདེ་བསྐྲུན་རྒྱུ་ཡིན་ན་དེ་ལས་ཀྱང་བཀག་འགོག་བྱ་མི་རུང་སྙམ།

ཡ་མཚར་དགོས་པ་ཞིག་ལ་གལ་སྲིད་དེ་ལྟར་གཏོང་དུ་མི་རུང་བའི་དབང་དུ་བཏང་ཡང་།  རྭ་སྟོད་གྲྭ་ཚང་དང་བཀྲ་ཤིས་ལྷུན་པོ་ལྟ་བུར་གྲྭ་པ་ཉུང་བས་རྒྱུགས་སྤྲོད་བ་ཡང་ཉུང་དུ་བཏང་ལ། འོ་ན་གྲྭ་པ་མང་བ

་རྣམས་ལ་མང་དུ་གཏོང་མི་ཆོག་ན་ཡ་མཚར་བ་མ་ཡིན་ནམ། ལོ་གཅིག་ལ་མཉམ་དུ་གྲྭ་སར་སླེབས་ནའང་གཅིག་རྒྱུགས་སྤྲོད་འགྲོ་ནས་ལོ་བཅུའི་རྗེས་སུ་མ་གཏོགས་གཅིག་ཤོས་མི་ཁེལ་པས་སྙིང་རེ་རྗེ་དགོས་པ་མ་རེད་དམ།   ལྷག་བསམ་གྱིས་ཕྱུག་པའི་དྲ་གྲོགས་རྣམ་པ།    དྲང་བདེན་དང་ལྷག་བསམ་གྱིས་ངང་ནས་བསམ་འཆར་དང་། གུས་པ་དང་དེའི་སྐོར་ལ་བགྲོད་གླེང་ཞིག་གནང་དང་སྒུག་ཡོད།  །