གཞུང་དང་སྒྲིགས་འཛུགས་ཞེས་པའི་ཐ་སྙད་བར་རག་ཙམ་གླེང་བ།
།
ད་ཆ་ཤ་རུས་ཁྲག་གསུམ་བོད་རིགས་ཡིན་ཀྱང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་འཁྲབ་བསྟོན་པ་འདི་ཚོས་༸གོང་ས་མཆོག་གི་དགོངས་བཞེས་ལུངས་སུ་བསྒྲངས་ཏེ་བོད་གཞུང་ཞེས་པའི་ཐ་སྙད་འདིའི་༸གོང་ས་མཆོག་གི་དགོངས་བཞེས་འཕྲུག་རྐྱེན་བཟོ་མཁན་ཡིན་བཟོ་ལྟ་བུའི་སྤྱི་ཚོགས་མགོ་བོ་འཐོམ་དུ་འཇུག་པ་འདི་ནི་ཞུ་ཚོད་མ་ཐེགས་པའི་བྱ་དངོས་ཞིག་རེད། མི་རབ་ནས་མི་རབ་བར་རྒྱུན་འཛིན་གྱི་རང་སྲོག་ཚུན་པ་བློས་གཏང་གནང་ཏེ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རང་དབང་ད་བར་གནས་ཐུབ་པ་བྱུང་ཡོད་འདི་རེད། འཆར་སྤྲིན་ཟུར་གྱི་འཇའ་མཚོན་ལྟ་བུ་མིག་ལམ་དུ་མཛེས་ཀྱང་དོན་དངོས་ལག་དུ་ལེན་རྒྱུ་མེད་པའི་གཏམ་བཤད་འདི་ནི་ལུས་ལ་མཛེས་ཆས་ཀྱི་དར་གོས་གོན་ཏེ་ཁྲ་ལམ་ལམ་གྱི་འཁྲབ་བསྟོན་མིག་ལམ་དུ་མཛེས་པ་ཞིག་གིས་མཐོང་བྱེད་ཀྱི་དབང་པོ་འཕྲོག་ཏུ་བཅུག་ཏེ་རི་རྡོ་ལུངས་སྐྱེལ་གྱི་རྩ་ཆེའི་དུས་ཚོད་ཆུད་ཟོས་སུ་གཏོང་ཡོད་པ་ལས་རྒྱལ་རབ་དང་ལོ་རྒྱུས་ལྡན་པའི་བོད་གཞུང་གི་ངོ་བོ་དང་། བོད་བཞིས་བྱེས་གཉིས་སུ་གནས་པའི་བོད་མིའི་རེ་བ། ཤི་བསོན་གཉིས་ཀྱི་བོད་མིའི་དམིགས་འདུན། ལྷག་དོན་དུ་བཙན་འཛུལ་བའི་བཙན་གནོན་འོག་མནར་གཅོད་མྱོང་བཞིན་པའི་རྒྱལ་བཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཕུགས་བསམ་དང་ཡོངས་སུ་འགལ་བའི་བྱ་བ་འདི་རིགས་བྱས་པ་ལ་ངོ་མ་ཚ་མེད་ཡང་ལས་རྒྱུ་འབྲས་ཐོགས་ནས་རུང་གི་མ་རེད། གང་ཡིན་ཟེར་ན་བོད་གཞུང་ཞེས་པའི་ཐ་སྙད་འདིའི་ཐོག་ཤི་པོ་ས་ཡ་མང་པོའི་བླ་འཁོར་ཡོད་པ་དང་བསོན་པོ་རུ་གནས་པའི་གཞིས་བྱེས་བོད་མི་ཡོངས་ཀྱི་རེ་བ་བཅོལ་ས་མེད་པ་བཟོས་པས་སོ། དེ་བསྔར་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུགས་ཞིག་གནང་ན་མཁྱེན་རྒྱུ་ཡོད་པ་ཞིག་ནི་བོད་ཀྱི་བསྟན་སྲུང་དང་བླངས་དྲག་པོ་དམག་གི་སྒྲིགས་འཛུགས་ཞེས་པ་ཞིག་ཕྱི་ལོ་༡༩༥༨་ཙམ་ལ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་མཚན་ཐོག་ཏུ་སྒྲིགས་འཛུགས་ཞིག་དངོས་སུ་དབུ་གཉེས་ཡོད་ཀྱང་ལོ་ཤས་ལ་མ་བརྟེན་པ་འཐོར་ཞིབ་དུ་ཕྱིན་ཡོད་པ་དང་། དེ་རྗེས་བློ་འཇབ་དམག་གི་སྒྲིགས་འཛུགས་ཞེས་པ་དེ་ཡང་ལོ་མང་མ་གཏན་པ་མིང་གི་རོ་མ་ཙམ་ལས་མེད་པ་རེད། དགོས་པ་བྱུང་ན་ཡོད་ཆོག་ཆོག་མ་དགོས་དུས་སུ་མེད་པ་བཟོ་ཆོག་ཆོག་ལྟ་བུ་ཞིག་ལ་སྦྱུར་བ་འདིའི་དགོས་དམིགས་ག་རེ་ཡིན་མིན་མ་ངེས་ཀྱང་གཞིས་བྱེས་བོད་མི་ཡོངས་ཀྱི་སེམས་སྟེངས་དུ་དོ་སྒྲིལ་ཞིག་སླེབས་ཡོད་པ་རེད།
བོད་དོན་བག་ཡོད།
