སོ་དྷི་ཨ་རབ་ཀྱི་བུད་མེད་ཚོར་འོས་བླུག་ཆོག་པའི་ཐོབ་ཐང་སྤྲད་པ།
སོ་དྷི་ཨ་རབ་ནི་ཁ་ཆེ་ཆོས་ལུགས་གཞིར་བཟུང་ཡུལ་ཁྲིམས་སྐྱོང་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པར་བརྟེན། ཐེངས་འདིའི་སྒྱུར་བཅོས་ཀྱིས་དེ་སྔའི་རྙིང་ཞེན་ལམ་སྲོལ་ནས་མང་གཙོའི་སྤྱི་ཚོགས་ཤིག་ཏུ་ཁ་ཕྱོགས་འགྱུར་བཞིན་ཡོད་པའི་རྣམ་པ་ཆེན་པོ་བསྟན་ཡོད་པ་རེད།
རྒྱལ་ཁབ་དེའི་རྒྱལ་པོས་ཡོངས་ཁྱབ་གསལ་སྤེལ་ནང་བརྗོད་དོན། ཆོས་ཕྱོགས་ཀྱི་ཁྲིམས་ལུགས་བཞིན་བུད་མེད་ཚོར་སྤྱི་ཚོགས་ནང་ཐོབ་ཐང་འདྲ་མཉམ་མ་སྤྲད་པ་དེ་ང་ཚོས་ངོས་ལེན་བྱེད་ཐབས་མེད་པ་ཡིན། དེའི་སྐོར་རྒྱལ་ཁབ་ཀྱི་ཆོས་ལུགས་དབུ་ཁྲིད་ཚོ་དང་གྲོས་བསྡུར་བྱས་ཏེ། ཐེངས་རྗེས་མའི་སློབ་སྟོན་ལྷན་ཚོགས་ནང་བུད་མེད་ཚོས་ཆ་ཤས་ལེན་ཆོག་པའི་ཐག་ཆོད་བྱས་པ་ཡིན། དེ་ཙམ་མ་ཟད་བུད་མེད་ཚོ་གྲོང་ཁྱེར་གྱི་འོས་བསྡུའི་འོས་མིར་ཞུགས་ཆོག་པ་དང་འོས་ཤོག་ཀྱང་བླུག་ཆོག་པ་རེད་ཅེས་གསུངས་ཡོད་པ་རེད།
སོ་དྷི་ཨ་རབ་ལུང་པའི་རྩོམ་པ་པོ་དང་བུད་མེད་ཐོབ་ཐང་འཐབ་རྩོད་པ་ལྕམ་ཝ་ཇེ་ཧ་ཨལ་ཧུ་ཝ་ཨེ་དར་གྱིས་དེར་དགའ་བསུ་ཞུས་པ་དང་ཁོང་མོས་བརྗོད་དོན། ད་ནི་བུད་མེད་ཚོའི་སྐད་འབོད་དེར་གསན་རྒྱུ་ཡིན་པ་མ་ཟད། དེ་མིན་གྱི་རླངས་འཁོར་གཏོང་མི་ཆོག་པ་དང། མཛད་སྒོ་ཁག་གྲ་སྒྲིག་བྱེད་མི་ཆོག་པ། དེ་བཞིན་སྐྱེས་པས་ལྟ་སྐྱོང་འོག་མ་ཡིན་པའི་མི་ཚེ་སྐྱེལ་མི་ཆོག་པའི་དམ་དྲག་རྣམས་མེད་པར་བཟོ་རྒྱུའི་དུས་ལ་འབབ་ཡོད་པ་རེད་ཅེས་གསུངས་ཡོད་པ་རེད།།