ཆུང་ཆུང་བློས་མ་ཐོངས་པར་ཆེན་པོ་གར་སོང་མེད་པར་འགྱུར།

ཚང་མས་མཁྱེན་གསལ་ལྟར་ཟླ་ཤས་སྔོན་དཔལ་རྒྱལ་དབང་ཀརྨ་པའི་བླ་བྲང་གིས་དངུལ་ལོར་མང་པོ་ཞིག་སྦས་བསྐུངས་བྱས་པའི་ཉེས་མིང་འོག་ཚགས་ཤོག་ཐོག་རྒྱལ་དབང་ཀརྨ་པ་མཆོག་ལ་གཞི་མེད་སྐྱོན་འཛུགས་མང་པོ་བྱས་པར་བརྟེན་ནས་རྒྱ་གར་གྱི་སྤྱི་ཚོགས་ནང་བོད་པ་སྤྱི་དང་དང་བྱེ་བྲག་བོད་པའི་བླ་སྤྲུལ་རྣམས་ལ་ཆེ་མཐོང་དང་ཡིད་ཆེས་བརླག་ཡོད་པ་རེད།

ལས་རྙོག་དེ་བཟོ་མཁན་ནི་རྒྱལ་དབང་ཀརྨ་པ་མཆོག་མ་ཡིན་པར་ཀརྨ་པའི་བླ་བྲང་གི་ལས་བྱེད་བོང་བུ་མགོ་རིལ་དེ་ཚོ་ཡིན་པ་གསལ་པོ་ཆགས་ཡོད།ཁོང་ཚོར་གཅིག་ནས་སྤྱི་ཚོཌ་ཀྱི་ཉམས་མྱོང་མེད་པ་དང་།གཉིས་ནས་ཁྲིམས་ལུཌ་

ཀྱི་འདུ་ཤེས་ཞན་པ། གསུམ་ནས་ཆོས་དང་འཇིག་རྟེན་གྱི་ཡོན་ཏན་མེད།བཞི་ནས་ཁོང་ཚོ་ཚང་མ་སེར་སྣའི་སྐལ་བ་

ཅན་ཤ་སྟག་ཡིན་པར་བརྟེན་ནས་གོང་གི་གནས་ཚུལ་ཐབས་སྡུག་དེ་བྱུང་ཡོད།