ཡིག་ཆ་བཀྲམ་པའི་ཉེས་མིང་འོག་བོད་མི་ཞིག་འཇུ་བཟུང་།

ཟླ་འདིའི་ཚེས་༢༩ ཉིན་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཁམས་དཀར་མཛེས་རྫོང་ཁོངས་ཀྱི་འབྲོག་སྡེའི་ཀ་རྒྱ་ཡུལ་ཚོ་(ཡུལ་ཚོ་དང་པོ་ཡང་ཟེར་གྱི་ཡོད་འདུག) རུ་བོད་དོན་ཡིག་ཆ་བཀྲམ་ཡོད་པར་བརྟེན།

ཟླ་འདིའི་ཚེས་༡༤ ཙམ་ལ་ས་གནས་ཀྱི་ཡུལ་མི་ཚུལ་ཁྲིམས་ཞེས་པ་ཡིག་ཆ་དེ་བཀྲམ་པའི་ཉེས་མིང་འོག་རྒྱ་ནག་གིས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག ཁོང་ས་གནས་ནས་འཛིན་བཟུང་རྗེས་དཀར་མཛེས་རྫོང་དུ་ཁྲིད་ཡོད་འདུག

ཚུལ་ཁྲིམས་ནི་རང་ལོ་༢༠ ཡས་མས་ཤིག་ཡིན་པ་དང་། ཕ་མིང་ལ་བྷ་ཊ་ཟེར་གྱི་ཡོད་འདུག ཁོང་དཀར་མཛེས་རྫོང་ཁོངས་གྱི་འབྲོག་སྡེ་ར་སྐོར་འགབ་མ་ནས་ཡིན་པ་དང། ཁོང་འཛིན་བཟུང་བྱེད་སྐབས་ཀྱང་། ཟླ་འདིའི་ཚེས་༡༤ ཉིན་དཀར་མཛེས་རྫོང་ཟླ་ཐལ་མའི་ནང་བོད་མི་མང་པོ་འཇུ་བཟུང་སྐབས་དང་བཅིག་མཚུངས་ཡིན་སྐོར་འབྲེལ་ཡོད་ཀྱིས་བརྗོད་སོང་།།