མེ་ཏོག་ནང་གི་༧གོང་ས་མཆོག་གི་སྐུ་པར།

ཟླ་འདིའི་ཚེས་༨ ཉིན་བྱམས་པ་དབང་ལྡན་ལགས་ཀྱིས་གནས་ཚུལ་མཁོ་གཏོང་བྱས་པ་ལྟར་བ། བོད་ཤར་ཕྱོགས་མདོ་ཁམས་ཏྲེ་ཏྲོར་བཀྲ་ཤིས་དར་རྒྱས་དགོན་པའི་སྔགས་ཁང་ཆེན་མོའི་རྡོ་བཀྱག་ངོས་སུ་མེ་ཏོག་སེར་པོ་༼མེ་ཏོག་དེའི་མིང་ལ་རིགས་གསུམ་མགོན་པོ་ཟེར་༽གསུམ་འཁྲུངས་པ་དང་།

དེའི་ནང་དང་ལོ་མའི་ངོས་སུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་དངོས་སུ་མཇལ་བའི་དངོས་བྱུང་གནས་ཚུལ་གཅིག་བྱུང་འདུག

dharge gonབྱམས་པ་དབང་ལྡན་ལགས་ཀྱིས་མུ་མཐུད་བརྗོད་དོན། བོད་མི་གཅིག་གིས་སྔོན་མ་ཟླ་བའི་ནང་དུ་༧གོང་ས་མཇལ་རབས་གོ་ཐོས་བྱུང་ཡང་ཡིད་ཆེས་མ་སོང་མོད། དེ་རིང་ནི་ཁས་བླངས་རང་བླངས་རེད་འདུག ང་རང་གིས་མེ་ཏོག་དེའི་ནང་ནས་དངོས་སུ་༧གོང་ས་མཆོག་གི་སྐུ་པར་མཇལ་བྱུང་ཞེས་འབྲེལ་ཡོད་ཀྱིས་བརྗོས་སོང་། ད་དུང་ལོ་གཞོན་ཚོར་མཇལ་ཁ་དེར་རག་པ་ངུ་ཤོར་བ་མང་པོ་འདུག་ཟེར།         ཉིན་དེར་རྒྱུད་སྨད་མཁན་ཟུར་སྐྱབས་རྗེ་ཐུབ་སྟོབས་མགོན་པོ་མཆོག་ནས་གསུང་ཆོས་གནང་བཞིན་པའི་སྐབས་དང་ཁེལ་ཡོད་འདུག་ལ། དད་ལྡན་མི་མང་སྟོང་ཕྲག་བརྒལ་བ་གསུང་ཆོས་ཞུ་སར་ཡོང་བ་དང་།      མེ་ཏོག་དེར་མཇལ་ཁ་བ་སྟོང་ཕྲག་མང་པོ་འཚང་ཁ་ཤིག་ཤིག་དང་།   ས་ཕྱོགས་གཞན་ནས་མོ་ཊ་དང་སྦག་སྦག་ཞོན་ནས་ཡོང་གི་ཡོད་པའི་དངོས་བྱུང་གི་གནས་ཚུལ་གཅིག་ཐོན་འདུག་ཅེས་འགྲེལ་བརྗོད་བྱས་འདུག །