བྱང་ཨེཊ་ལེན་ཊིག་གྲོས་དོན་སྒྲིགས་འཛུགས་ཀྱི་ཚོགས་ཆེན།

ཟླ་འདིའི་ཚེས་༢༡ ཉིན་བྱང་ཨེཊ་ལེན་ཊིག་གྲོས་དོན་སྒྲིགས་འཛུགས་ཀྱི་དབུ་ཁྲིད་རྣམས་ཀྱིས་ཚོགས་ཆེན་ཨ་རིའི་གྲོང་ཁྱེར་ཆཱི་ཁ་གྷོ་ལ་ཉིན་གཉིས་རིང་ཚོགས་ཡོད་པ་དང་། ཚོགས་ཆེན་དེའི་དམིགས་ཡུལ་གཙོ་བོ་ནི་གང་ཟག་སྒེར་ལ་རང་དབང་། མང་གཙོ། འགྲོ་བ་མིའི་ཐོབ་ཐང་། ཁྲིམས་ཀྱི་དབང་བསྒྱུར་བཅས་ཡོང་ཐབས་ལ་འབད་བརྩོན་བྱེད་རྒྱུ་ཡིན་པ་རེད།

ཚོགས་ཆེན་དེའི་ཐོག་བྱང་ཨ་མི་རི་ཀ་དང་ཡུ་རོབ་ལྷན་ཚོགས་གཉིས་ཀྱི་འགན་ཁུར་དང་དབུ་ཁྲིད་ལ་མཉམ་ལས་བྱེད་རྒྱུར་ཆོད་སེམས་བརྟན་དུ་གཏོང་རྒྱུ་དང་། རྒྱལ་སྤྱིའི་དཔལ་འབྱོར་དང་ཆབ་སྲིད་ཀྱི་དཀའ་ངལ་དག་ལ་སྔོན་འགོག་བྱེད་རྒྱུར་དམིགས་ཏེ་ཨུ་རུ་སུར་འབྲེལ་ལམ་ཡར་རྒྱས་དང་། དཀྱིལ་ཤར་ཨེ་ཤི་ཡའི་ནང་ཨ་རབ་དཔྱིད་ཀའི་གསར་བརྗེ་དང་། ཨབ་གྷ་ནི་སི་ཐན་ནས་དམག་མི་ཕྱིར་འཐེན། ལི་བྷ་ཡན་གྱི་ཟིང་འཁྲུག རྡུལ་ཕྲན་མཚོན་ཆ་བེད་སྤྱོད་གཏོང་ཕྱོགས་ཀྱི་ཁྲིམས་ལུགས་སོགས་ཀྱི་གྲོས་ཆོད་བཞག་ཡོད་པ་རེད། ཚོགས་འདུ་དེར་བྱང་ཨ་མི་རི་ཀ་དང་ཡུ་རོབ་གཉིས་ཀ་འདྲ་མཉམ་གྱིས་མཉམ་ལས་ཐོག་མ་འོངས་པའི་བདེ་འཇགས་ལ་འགན་སྲུང་དང་སྣེ་ཁྲིད་བྱེད་དགོས་པའི་གྲོས་མོལ་བྱུང་ཡོད་པ་རེད། ལྷན་ཚོགས་ཀྱི་སྒྲིགས་འཛུགས་དེས་ཕྱི་ལོ་༢༠༢༠ ལོར་བདེ་སྲུང་གི་ལས་ཀ་གང་འདྲ་ཡིན་རུང་རྣམ་འགྱུར་སྟོན་རྒྱུར་གྲ་སྒྲིག་ཡོད་པར་དམིགས་ཡུལ་བཟུང་ཡོད་པ་རེད།།

.