མི་རིགས་གི་སྐད་ཡིག་གླེང་བ།
ཐུབ་བསྟན་རབ་བརྟན།
སྐད་ཡིག་བྱུང་རབས།
འཛམ་གླིང་སའི་གོ་ལ་ཧྲིལ་བོོ་འདིའི་ཐོག་འགྲོ་བ་མའི་རིགས་བྱུང་ནས་ལོ་ངོ་ས་ཡ་ལྔ་ལྷག་འགྲོ་ཡོད་པའི་དུས་ཡུན་ནང་མིའི་རིགས་ཀྱི་ཐོག་མ་ནས་སྐད་བརྡ་བེད་སྦྱོད་བྱས་ནས་ཕན་ཚིན་བརྡ་འཕྲོད་ཐབས་བྱས་ཡོད་ལ།
དུས་དེ་ནས་བཟུང་མིའི་རིགས་ཀྱི་སྐད་ཐོག་མར་བྱུང་ཡོད་པ་དང། ས་ཁུལ་མི་འདྲ་བའི་ནང་འཚོ་སྡོད་མི་རྣམས་ཀྱི་སྐད་གདངས་མི་འདྲ་བ་ཆག་སྟེ་སྐད་རིགས་མི་འདྲ་བ་སྣ་ཚོགས་བྱུང་ཡོད་པའི་ནང་ནས་ང་ཚོ་བོད་ཀྱི་སྐད་དེ་དེའི་ཆ་ཤེས་ཤིག་ཡིན། ང་ཚོ་བོད་ཀྱི་སྐད་ལ་ཡང་རིམ་པའི་གདངས་མི་འདྲ་པའི་འགྱུར་བ་བྱུང་ཡོད་པ་ཧ་ཅང་གསལ་པོ་རེད། བོད་དུ་ཡི་གེ་དར་ནས་ལོ་ངོ་སུམ་སྟོང་ནས་བཞི་སྟོང་བར་ཡིན་པ་ནི་གནའ་རྫེས་དང་བོན་གྱི་ལོ་རྒྱུས་སོགས་ལས་ཤེས་ཐུབ། འོན་ཀྱང་བློན་པོ་ཐོན་མིའི་ད་ལྟའི་བོད་ཡིག་འདི་གསར་དུ་བཟོས་ནས་ལོ་ངོ་ཆུག་སྟོང་སུམ་བརྒྱ་བདུན་ཅུ་ལྷག་སོང་ཡོད་པ་དང་། དེའི་རིང་ལ་ཡིག་གཟུགས་དང་སྒྲ་གདས་བཅས་ལ་འགྱུར་བ་གང་འཚམ་བྱུང་ཡོད་ན་ཡང་། བོད་དུ་ཕྱི་ལོ་བརྒྱ་ཕྲག་བཅོ་ལྔ་དང་བཅུ་དྲུག་ཡས་མས་སུ་པར་སྐྲུན་རིགས་དར་བ་ནས་བཟུང་བོད་ཀྱི་ཡིག་གཟུགས་གཅིག་འགྱུར་རླབས་ཆེན་ཞིག་བྱུང་ཡོད་པར་མངོན། བོད་སྐད་དང་ཡི་གེ་ནི་བོད་ཀྱི་གདོད་མའི་སྤྱི་ཚོགས་མགོ་བཙུགས་པ་ནས་མགོ་ཚུགས་ཡོད་པ་ཞིང་དང་བོད་མི་རིགས་ཀྱི་ཤ་ཁྲག་རུས་གསུམ་དང་མི་ལོ་སྟོང་ཕྲག་དུ་མའི་རིང་ཚེ་སྲོག་ཁྲག་བརྒྱུན་བཞིན་འབྲལ་མེད་དུ་འོང་བ་ཞིག་དང་། ཕན་ཚུན་འོ་ཆུ་འདྲེས་པ་བཞིན་བྲལ་མི་ཕོད་པ་ཞིག་དང་འབྲལ་མི་རུང་པ་ཞིག་ཆག་ཡོད།བོད་ཀྱི་སྐད་ཡིག་གི་རྟེན་གནས་ངོ་མ་དེ་ནི་བོད་མི་རིགས་ཡིན་ལ་བོད་མི་རྣམས་ཀྱི་བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་ཀྱི་ཚེ་སྲོག་དང་ངོ་བོའི་བདག་པོ་དངོས་གནས་པ་དེ་ཡིན་པར་ངེས་ཤེས་བརྟན་པོ་རྙེད་ཡོད། བོད་ཀྱི་བྱིས་པ་རྣམས་ལ་མཚོན་ན་ཨ་མའི་མངལ་ལ་ཆགས་ནས་ཟླ་ངོ་གསུམ་ཙམ་ལོན་པའི་སྐབས་ནས་མ་ཡི་ངག་གི་ཚིག་རྩ་ཟིན་མི་ཐུབ་ཀྱང་བོད་སྐད་ཀྱི་ཚིག་གྲུབ་གཅུག་གི་གོ་རིམ་དང་སྒྲ་གདངས་འགྱུར་འགྲོས་ཐོས་ཐུབ་པ་ནས་གོམས་འདྲིས་བྱུང་ཡོད་པ་དང་མངལ་ལས་ཐོན་ཏེ་མུ་མཐུད་ཨ་མའི་སྐད་གདངས་སོགས་ལ་གོམས་འདྲིས་བྱས་པར་བརྟེན་རང་ཉིད་ཀྱི་ཕ་སྐད་ཤེས་མགྱོགས་པ་དང་ཕན་ནུས་ཆེ ་བར་བརྟེན། བྱིས་པའི་སློབ་གསོ་ནང་ཕ་སྐད་གཙོ་བོ་འཛིན་དགོས་པ་ནི་འཛམ་གླིང་ཐོག་བརྩོད་མེད་ཡོངས་གྲགས་གི་ལྟ་བ་སྤྱི་མོས་བ་ཞིག་ཡིན། ལྟ་ཚུལ་འདི་ཚན་རིག་དང་མཐུན་པ་མ་ཟད་མི་རིགས་སོ་སོའི་ཁེ་ཕན་ལ་རླབས་ཆེན་གྲུབ་འབྲས་ཐོན་ཡོད་སྟབས་ལྟ་ཚུལ་འདི་ཤུགས་ཆེ་རུ་འགྲོ་བཞིན་ཡོད།
སྐད་ཡིག་རྩ་གཏོར།
འོན་ཀྱང་སྟབས་མ་ལེགས་པ་བོད་དུ་རྒྱ་ནག་སྲིད་གཞུང་གིས་བོད་ཀྱི་སྐད་ཡིག་རྩ་བརླག་ཏུ་སྒྱུར་བའི་སྲིད་ཇུས་གོ་རིམ་ངེས་ཅན་གྱིས་ལག་ལེན་བསྟར་བཞིན་ཡོད་པ་ནི་ཆེས་བློ་ཚབས་བྱེད་དགོས་པ་དང་བློ་ཕམ་གནས་སུ་གྱུར་ཡོད། སྤྱིར་དམར་ཕྱོགས་གི་ལྟ་གྲུབ་དང་མ་ཁེ་སུ་དང་ལེ་ཉེན་གྱི་ལྟ་གྲུབ་ནང་མི་རིགས་ཆེན་པོའི་རིང་ལུགས་གིས་མི་རིགས་ཆུང་ངུ་འམ་གྲངས་ཉུང་མི་རིགས་ལ་གནོད་ཤུགས་སྤྲེད་པ་དང་མཐོང་ཆུང་བྱེད་པ་གྲངས་ཉུང་མི་རིགས་གི་སྐད་ཡིག་དང་རིག་གཞུང་གོམས་གཤིས་སོགས་རྩ་བརླག་ཏུ་སྟངས་ཐབས་ལ་ཐོག་མཐའ་བར་གསུམ་དུ་དགག་པ་བརྒྱབ་ཡོད་ན་འང་རྒྱ་ནག་གཞུང་གི་དེ་ལས་ལྡོག་སྟེ་ལག་ལན་བསྟར་གྱིན་ཡོད། ད་ཆ་བོད་ཀྱི་ས་ཆ་ཕལ་ཆེ་རུ་བོད་ཡིག་ནུས་མེད་དང་མཁོ་མེད་དུ་བཟོས་ཟུན་ཡོད་ལ། བོད་པ་ཚོའི་རིང་མི་རིགས་གི་སྐད་ཡིག་ཆེད་དུ་ཚེ་སྲོག་ཀྱང་རྒྱ་ལག་དུ་ཤོར་བཞིན་ཡོད།
སྐད་ཡིག་གི་རིན་ཐང་།
བོད་ཡིག་ནི་གནད་དོན་གང་ཞིག་འགྲེལ་བརྗོད་བྱ་དགོས་ཅུང་ཚིག་ཚོགས་ཉུང་བའི་ཐོག་འགྲེལ་བརྗོད་བྱེད་ཐུབ་པ་མ་ཟད་ཡིག་གེ་ཟོལ་ཡངས་པ་དང་།ད་དུང་གོ་དོན་གཏིང་ཟབ་མོ་བརྗོད་ཐུབ་པ་མ་ཟད་འཛམ་གླིང་ཤར་ཕྱོགས་ཀྱི་ཚད་མཐོའི་བརྡ་སྤྲོད་ལེགས་སྦྱར་གྱི་སྐད་དང་འདྲ་མཉམ་ངང་ཤར་སྐྱོད་བྱེད་ཐུབ། ནང་བསྟན་རིག་པའི་གཞུང་ལུགས་ཐེག་པ་ཆེ་ཆུང་མདོ་སྔགས་ཡོངས་སུ་རྫོགས་པ་ཚིག་ཙམ་ལ་འཁྲུལ་བ་མེད་པར་གོ་དོན་ཏིང་ཟབ་པ་དང་། བརྗོད་སྟངས་སྡེབ་སྦྱོར་ལྡན་པ། ཚིག་བརྒྱན་བདེ་ཉམས་སྐྲུན་པའི་ནུས་པ་སོགས་བརྡ་སྤྲོད་ཀྱི་ལེགས་ཚོགས་མ་ཚང་བ་མེད་པའི་ཐོག་བརྗོད་བྱ་བྱས་ཡོད། ད་དང་གནའ་རབས་ཀྱི་གསོ་བ་རིག་པ། ནང་དོན་རིག་པ། ཚད་མ་རིག་པ། ལྟ་གྲུབ་རིག་པ། ཀུན་སྤྱོད་རིག་པ། སེམས་ཁམས་རིག་པ། ལྟོས་གྲུབ་རིག་པ་སོགས་དང་། གཞན་ཡང་། སྒྲ་རིག་པ་དང་། བཟོ་རིག་པ། རྩས་རིག་པ། སྙན་ངག སྒྲུང་རྩོམ། ལོ་རྒྱུས་སོགས་ཤེས་བྱའི་གནས་ཕལ་མོ་ཆེ་བོད་ཀྱི་ཡི་གེ་འདིས་བདེ་ལེགས་ངང་བརྗོད་ཡོད། བོད་ཀྱི་ཡི་གེ་འདི་ནི་རྒྱ་གར་དང་རྒྱ་ནག་སོག་པོ་སོགས་ཀྱི་རིག་གནས་དང་རིགས་གཞུང་ཕོན་ཆེན་ཞིག་འདིའི་ནང་ཡོད་པར་རྟེན་གླིང་ཆེན་ཨེ་ཤ་ཡའི་རིག་གནས་ཀྱི་བང་མཛོད་ལྟ་བུ་ཞིག་ཏུ་འང་ཆགས་ཡོད། དུས་རབས་ཕྱེད་ཀ་ལྷག་རིང་རྒྱ་ནག་ལྟ་གྲུབ་མེད་པའི་སྲིད་གཞུང་དེས་དྲག་སྤྱོད་དང་གཡོ་སྒྱུ་ཐབས་བྱུས་སྣ་མང་བརྒྱུད་བོད་ཀྱི་རིགས་གཞུང་སྤྱི་དང་ལྷག་པར་དུ་བོད་ཀྱི་སྐད་ཡིག་དང་དེའི་ཁྱབ་ཁང་དེས་དོན་སྙིང་སོགས་ལ་གཏོར་བཤིག་ཚབ་ཆེན་སྟངས་ཡོད། འོན་ཀྱང་། དུས་ད་ལྟ་འང་གླིང་ཆེན་ཨེ་ཤ་ཡའི་སྙིང་དབུས་བོད་དང་དེའི་མཐའ་མཚམས་ཀྱི་ཁོར་ཡུག་ཀུན་ཞི་བདེ་དང་འཆམ་མཐུན་སྤྱི་ཚོགས་བརྟན་ལྷིང་ངང་གནས་ཐུབ་པ་དེ་བོད་ཀྱི་སྐད་ཡིག་གི་དོན་སྙིང་དང་འབྲེལ་བ་དམ་ཟབ་ཡོད་པ་སྨྲོས་ཅི་དགོས། དེར་རྟེན་བོད་ཀྱི་སྐད་ཡིག་ནི་འཇིག་རྟེན་ཆོན་ཡོངས་ཀྱི་ཞི་བདེ་དང་གནའ་རབས་ཀྱི་རིགས་གཞུང་སྲུང་སྐྱོབས་ཐད་མེད་དུ་མི་རུང་པའི་ལེགས་བཤད་གལ་ཆེན་ཞིག་ཆགས་ཡོད། བོད་པ་རང་ཉིད་ལ་མཚོན་ན་དེ་བས་ཀྱང་གལ་ཆེན་ཆགས་ཡོད། སྐད་ཡིག་དར་རྒུད་གྱིས་མི་རིགས་དར་རྒུད་མཚོན་ཐུབ་གྱིན་ཡོད་པ་དང་། སྐད་ཡིག་འདི་བོད་ཀྱི་རིགས་གཞུང་གི་སྙིང་བཅུད་དང་བོད་པ་རང་ཉིད་འཚོ་བར་དགོས་མཁོ་ཆ་ཚངས་བསྒྲུབ་ཐུབ་གྱིན་ཡོད་པ་མ་ཟད། བོད་ཀྱི་སྐད་ནི་མི་རིགས་གཞན་ལས་དགར་བའི་ཆེད་ཆོས་གཙོ་བོ་ཞིག་ཀྱང་ཡིན། བོད་ཞེས་པ་བོད་ཀྱི་ཁོར་ཡུག་དང་གོམས་བཤིས་རིག་གནས་སོགས་དུ་མ་ཞིག་འདུས་ཡོད་ཀྱང་ཆེས་གལ་ཆེ་བ་ནི་ཁྲག་རྒྱུན་དང་སྐད་ཡིག་ནི་བོད་པར་ངོས་འཛིན་སའི་རྨང་གཞི་གཙོ་ཆེ་ཤོས་དེ་ཆགས་ཡོད། བོད་ཀྱི་སྐད་ཡིག་གིས་བོད་པར་ཚེ་སྲོག་སྟེར་གྱིན་ཡོད་ལ་བོད་པ་བོད་པ་ངོ་མ་ཞིག་བཟོ་གིན་ཡོད། བོད་ཀྱི་སྐད་ཡིག་འདིས་རང་མི་རིགས་ཀྱི་སྙིང་སྟོབས་དང་། མི་རིགས་ཀྱི་རིག་གནས། མི་རིགས་ཀྱི་དཔལ་ཡོན། མི་རིགས་ཀྱི་ལེགས་བྱང་། མི་རིགས་གཅིག་འཛིན་གྱི་འདུ་ཤེས། ཆིག་སྒྲུལ་གྱི་ནུས་པ། འགོག་མེད་ཀྱི་ཚོར་ཤིས། མི་རིགས་ཀྱི་ལ་རྒྱ་སོགས་ཕྱོགས་ཡོངས་ལ་སྲུང་སྐྱོབ་ཀྱི་ནུས་པ་ཐོན་བཞིན་པ་རེད། བོད་མི་རིགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་གནས་བཅས་སྐད་ཡིག་འདིས་བདག་གཉེར་བྱས་ཡོད། ད་ལྟའི་བོད་མིའི་སྐྱིད་སྡུག་འདྲས་མའི་དུས་ཡིན་འདིར་སྐད་ཡིག་འདིས་ཆེས་འབུར་དུ་ཐོན་པའི་ལག་བརྗེས་འཇོག་གནང་པ་དང་། མ་འོངས་པར་ཡང་བོད་མི་རིགས་འདི་འཛམ་གླིང་མཐོ་སྒང་འདིར་འཚོ་ཞིང་མདུན་དུ་སྐྱོད་དགོས་ན་སྐད་ཡིག་འདི་ང་ཚོ་ལ་མེད་དུ་མི་རུང་བ་ཡིན། བོད་རྒྱལ་ཁབ་སུལ་བུར་མཐོར་ཀྱང་ཆོལ་གསུམ་ཆིག་ཏུ་སྒྲུལ་བས་འཆིང་ཐག་ལྟ་བུ་དེ་ནི་བོད་ཀྱི་སྐད་ཡིག་འདི་ཆགས་ཡོད། སྐད་ཡིག་འདི་མེད་ན་ད་ཆར་བོད་པ་མཐོ་སྒང་འདི་ནས་མིང་མེད་རླུང་གི་གཏོར་ཚར་ངེས་རེད། གལ་ཆེན་རང་བཞིན་ལྡན་པའི་སྐད་ཡིག་འདི་འཛམ་གླིང་འདིའི་སྟེང་མི་མང་པོ་ཞིག་གིས་དོ་སྣང་དང་མཐོང་ཆེན་བྱེད་ཡུལ་ཞིག་ཆགས་ཡོད། དེར་བརྟེན་གཅིག་སྟོང་བརྒྱད་བརྒྱའི་ནང་པེ་རི་སུ་ཤར་ཕྱོགས་རིག་གནས་སྐད་ཡིག་སློབ་གྲྭ་ཆེན་མོ་དེར་ཐོག་མར་འཛུགས་སྐབས་ནས་བོད་ཀྱི་སྐད་ཡིག་སློབ་ཚན་བཙུགས་ཡོད་པ་དེ་ཕྱིའི་རྒྱལ་ཁབ་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོ་ཞིག་ཏུ་བོད་ཀྱི་སྐད་ཡིག་སློབ་པ་ཐོག་མ་དེ་ཡིན། ད་ཆ་ཡོ་རབ་དང་ཨ་རི་སོགས་འཛམ་གླིང་རྒྱལ་ཁབ་མང་པོའི་ནང་བོད་ཀྱི་སྐད་ཡིག་སློབ་མཁན་མི་ཉུང་བ་ཡོད།
སྐད་ཡིག་ཉམས་རྒུད།
འོན་ཀྱང་།བོད་པ་རང་གི་ས་ནས་ཉམ་མགོ་ཙུག་བཞིན་ཡོད་པ་མི་འཐུད་དུ་དར་ཁྱབ་སོང་ན་ད་ལྟའི་མི་ཐོག་འདིས་ལོ་རྒྱུས་ཀྱི་ནང་དུ་གསུབ་ཐབས་མེད་པའི་ལེའུ་ནག་པོ་ཞིག་སྒྲིག་པ་ཐག་ཆོད་པར་གྱུར། བོད་རང་གི་ངོས་ནས་བོད་སྐད་མཐོང་ཆེན་མི་བྱེད་པར་གཞན་སྐད་བཤད་ན་གཟི་བརྗིད་དང་ཡོན་ཏན་ཅན་ལ་སྒོམ་ཏེ་ནོར་འཁྲུལ་བྱུང་། ད་ཆར་རྒྱ་གར་མཐོ་སློབ་འགྲིམ་བཞིན་པའི་བོད་པའི་སློབ་མའི་ནང་ལ་བལྟ་ཚུལ་ཞིག་ཡོད་པ་ནི་བོད་སྐད་བཤད་མཁན་ལ་ཀླད་པ་ལྗང་ཁུ་རྗེས་ལུས་ཞིག་ལ་བལྟ་བ་དང་། བོད་སྐད་ཡིག་དང་རིགས་གཞུང་སྐོར་ལ་བྱ་བ་སྒྲུབ་མཁན་ལ་ཆོ་མེད་པ་དང་མི་དགོས་པའི་བྱ་བ་བྱེད་པར་ངོས་འཛིན་བྱེད། གཞུང་གི་ལས་ཀྱི་སྣེ་མོ་བ་ཚོས་གཏམ་བཤད་སྐབས་མཁས་མདོག་ཀྱི་དབྱིན་ཚིག་དེ་འདྲ་སྲེས་ནས་བོད་སྐད་གསེར་ལྷད་ཅན་དུ་བསྒྱུར། ཆབ་སྲིད་ཀྱིེ་ཚིག་གྲུབ་བོད་སྐད་དུ་བཤད་ཅིང་དབྱིན་སྐད་དུ་གོ་བརྡ་མ་འཕྲོད་པ་དེ་འདྲ་ཡིན་ན་བོད་དབྱིན་ཤན་སྦྱར་བྱེས་ནས་བཤད་དགོས་པ་ལས་བོད་སྐད་ཀྱི་མི་འདང་བ་ལྟ་བུ་བྱས་ན་བོད་ཀྱི་ཞབས་འདྲེན་ཡིན། བོད་ཀྱི་སྐད་ཡིག་ལ་བོད་པ་རང་ངོས་ནས་དུངས་ཞེན་མེད་པ་དང་མི་དགོས་པར་ངོས་འཛིན་ན་དེ་ནི་སུས་ཀྱང་སྐྱོབ་ཐབས་བྲལ། ད་ལྟའི་ཕ་མ་ཚོས་རང་གི་བུ་ཕྲུག་དབྱིན་སྐད་སྦྱོང་བར་སྐུལ་འདད་བྱེད་པ་ལས་བོད་སྐད་སྦྱོང་བར་སྐུལ་འདད་མི་བྱེད་པ་མ་ཟད་བོད་སྐད་བོད་ཡིག་མཁོ་མེད་ཡིན་པའི་སློབ་གསོ་དག་བྱེད། བོད་ཡིག་དགེ་རྒན་ཚོའི་སུམ་རྟགས་ཀྱི་འགྲོ་སྟངས་ཡག་པོ་མི་ཤེས་པ་དང་། འགའ་ཞིག་གིས་མཁས་པ་སོ་སོའི་འདོད་ཚུལ་དག་ཉོག་བཤད་བྱེས་ནས་སློབ་མའི་སེམས་སུ་ཉོབ་སྣང་སྐྲུན་པར་བྱེད། བོད་ཀྱི་སྐད་ཡིག་གི་ཆེད་ཆོས་དང་རིན་ཐང་དགོས་མཁོ་སོགས་གལ་ཆེན་ཪང་བཞིན་རྣམས་ངོ་སྤྲོད་མི་བྱེད་པའམ་བྱེད་མི་ཐུབ་པའི་བོད་ཡིག་དགེ་རྒན་མང་བར་སྣང་། སློབ་ཕྲུག་སློབ་ཆེན་མཐར་ཕྱིན་རྗེས་ད་དུང་སོ་སོས་མིང་བོད་ཡིག་དག་མ་ཞིག་དང་གཙང་མ་ཞིག་བྲི་མི་ཤེས་པ་ཕོན་ཆེན་ཡོད་པ་འདི་ང་ཚོ་བཙན་འབྱོར་དུ་ལོ་ལྔ་བཅུ་ལྷག་ལ་འཐུསཤོར་སོང་པའི་འབྲས་རྟགས་ཡང་དག་ཞིག་ཡིན། སྐབས་སྔ་མའི་བཀའ་ཤག་གི་ཤེས་ཡོན་སྲིད་བྱུས་གཏན་འབེབ་བྱེས་ཀྱང་བོད་ཕྲུག་ཁྱིམ་སྡེ་སོགས་སློབ་གྲྭ་ཁག་གཅིག་གི་ངོས་ལེན་བྱེད་རོགས་བྱས་མེད། སྐབས་བབ་སྟབས་མི་འགྲིག་བ་བྱུང་སྲིད་ཅིང་གཞི་རྩའི་གང་ཐུབ་ལག་ལེན་བསྟར་དགོས་ངེས་སྙམ། བཙན་བྱོལ་དུ་འཚར་ལོང་བྱུང་བའི་ན་གཞོན་ཚོའི་སྐད་ཀྱི་བརྒྱ་ཆ་བཅུ་ཉི་ཤུ་གཞན་སྐད་ཡིན་པ་དང་བོད་སྐད་བཤད་པ་དག་ཅིང་བོད་ཀྱི་སྐད་ཀྱི་སྒྱུ་རྩལ་མེད་པ་དང་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་དང་ཐག་རིང་པོ་གནས།
སྐད་ཡིག་སྐྱོབ་ཐབས།
དེར་བརྟེན་མི་མཐུད་དུ་ཉམ་ཆག་དུ་འགྲོ་རུ་མི་འཇུག་པར་མྱུར་སྐྱོབས་བྱེད་དགོས། གཞུང་སྒེར་ཡོངས་རྫོགས་ཀྱི་བོད་ཀྱི་སྐད་ཡིག་གི་ཆེད་ཆོས་དང་ཕན་ནུས་རིན་ཐང་སོགས་གལ་ཆེའི་རང་བཞིིན་དག་ངོ་འཕྲོད་པར་བྱས་ཏེ་སེམས་སུ་དུང་ཞེན་ཡོད་པར་བྱ་བ་དང་། མ་མཐའ་ཡང་རང་ཉིད་བོད་པ་ཞིག་ཡིན་པའི་ངོས་ནས་བོད་ཀྱི་སྐད་ཡིག་ལ་གུས་བརྩི་དང་བོད་སྐད་གཙང་མ་གང་ཐུབ་བཤད་པ་དང་བོད་ཡིག་གཙང་མ་གང་ཐུབ་འབྲི་དགོས་པ་དེའི་ཕྱོགས་ལ་རང་ནུས་གང་ཡོད་ཀྱི་འབད་བརྩོན་བྱ་དགོས། སློ་གྲྭ་ཁག་དང་དགོན་སྡེ་ཁག་དུ་བོད་ཀྱི་སྐད་ཡིག་གི་རིན་ཐང་དག་ངོ་སྤྲོད་དང་། དུས་དུས་སུ་བོད་ཀྱི་སྐད་ཡིག་ལ་མཁས་པ་དང་གཞན་གྱི་སྐད་ཡིག་ལ་མཁས་པའི་གལ་ཆེ་མི་སྣ་གདན་འདྲེན་གྱིས་བོད་ཀྱི་སྐད་ཡིག་གི་གལ་ཆེའི་རིན་ཐང་དང་བཀོལ་སྤྱོད་བྱེད་ཐབས་གོང་འཕེལ་སྟངས་ཕྱོགས་སོགས་ཀྱི་སྐོར་སློབ་མ་རྒྱས་འཛོམས་སར་བགྲོ་གླེང་དང་བཀའ་སློབ་ལམ་སྟོན་ཞུ་བ། མི་མང་རྣམས་ལ་བླ་ཆེན་ཁག་གིས་དབང་ལུང་དང་ཆོས་འཆད་ཁྲིད་སོགས་ཀྱི་སྐབས་དུས་གང་ཤར་ལ་རང་གི་སྐད་ཡིག་གཅེས་སྤྲེས་དང་རྒྱུན་འཛིན་དར་སྤེལ་དགོས་སྐོར་གྱི་བཀའ་སློབ་ཟབ་ནན་གྱིས་ཕེབས་གནང་བ། གཞུང་དམངས་ཡོངས་ཀྱིས་མཁས་མཆོག་ཚུལ་ཁྲུམས་བློ་གྲོས་གྱིས་གཙོ་སྐྱང་འོག་མདོ་དབུས་ཁམས་གསུམ་གྱི་མཁས་དབང་རྣམས་ཀྱིས་ཞིབ་སྒྲིག་གནང་བའི་ཐ་སྙད་གསར་པ་རྣམས་བཀོལ་སྤྱོད་དང་ཁྱབ་རྡལ་སྟངས་གནང་གལ་ཆེན་ཡིན་པ། སློབ་གྲྭ་ཁག་གིས་བོད་ཀྱི་ཤེས་ཡོན་སྲིད་ཇོས་ལག་ལེན་དུ་ངེས་པར་བསྟར་རྒྱུ་དང་། ཡིག་སྒྱུར་དང་འབྲེལ་ཡོད་ཚོགས་སྡེ་ཁག་གིས་ཆབ་སྲིད་རིགས་པ་དང་། དམག་དོན་རིགས་པ། དཔལ་འབྱོར་རིགས་པ། ཚན་རིག འཕྲུལ་ལས་རིགས་པ་སོགས་དེང་རབས་ཀྱི་སློབ་གཞི་ཁག་བོད་ཡིག་དུ་སྒྱུར་རྒྱུ། བོད་པ་ནང་ཁུལ་དུ་བོད་སྐད་གཙང་མ་མ་བཤད་ན་སྐྱོན་དུ་བལྟ་རྒྱུ་དང་བོད་སྐད་གཙང་མ་བཤད་དགོས་པས་གནོད་ཤུགས་སྤྲེད་རྒྱུ། བདག་གི་སྙིང་ཉེ་བའི་སྤུན་ཟླ་རྣམས་པ་ད་ཆ་ང་ཚོའི་སྐད་ཡིག་འདི་ཉམས་རྒུད་དུ་འགྲོ་པའི་མགོ་བཙིགས་ཟིན་པས་ང་ཚོའི་སྣང་མེད་དུ་མི་འཇོག་པར་རང་རང་གིས་ནུས་ཤུགས་གང་ཡོད་ཀྱི་བོད་ཀྱི་སྐད་ཡིག་འདི་སྔར་ལས་ལྷག་པའི་དར་རྒྱས་གོང་འཕེལ་ཡོངས་བ་ལ་ཅིའི་ཀྱང་འབད་པར་མཁྱེན་མཁྱེན། །
གངས་ཅན་བོད་ཀྱི་སྤུན་ཟླ་མང་སྲང་ཚོ།།
གངས་ཅན་བོད་ཀྱི་མ་ཡུམ་ཕ་སྐད་འདི།།
གངས་རིའི་ལྷུན་པོ་ལྟར་དཀར་རབ་གཙང་བས།།
གངས་ཅན་བོད་མིས་སྙིང་ནས་གཅེས་པར་རིགས།།
སྤྱིར་༸གོང་ས་མཆོག་གིས་ལོ་ངོ་ ༤༠ ཙམ་རིང་ཀླད་པའི་རྣམ་གཞག་ཐོག་ཐུགས་སྣང་ཧ་ཅང་མཛད་ཡོད་པ་མ་ཟད། འདས་པའི་ལོ་ངོ་ ༣༠ ཙམ་གྱི་རིང་ཚན་རིག་པ་དང་དངོས་སུ་མཉམ་རུབ་མཛད་ཡོད་པ་དཔེར་ན། ཉེ་ལམ་མགོན་པོ་གང་ཉིད་མཆོག་གིས་དགའ་སྐྱོའི་གནས་སྐབས་ཀྱི་ཚོར་བ་གཉིས་སྤྱིར་ ལྡོག་ཕྱོགས་ཡིན་ནའང་མིག་ནས་མཆི་མ་ཐོན་པ་དེར་མི་འདྲ་བའི་ཁྱད་གང་ཡང་མེད་པ་ སོགས་ཀྱི་རྣམ་གཞག་ཐད། ཚན་རིག་པས་བརྟག་དཔྱད་ཀྱི་ལམ་ནས་ཡིད་དབང་གཉིས་ཀྱི་ཤེས་པར་ཡུལ་མྱོང་ཚུལ་ལ་ ཁྱད་པར་ཇི་ཡོད་ཤེས་ཐབས་དགོས་པའི་ལམ་སྟོན་མཛད་ཡོད་པ་མ་ཟད། ཆོས་ཉམས་ལེན་པ་ཁག་གཅིག་སྨན་པས་འཆི་ཚར་བར་ངོས་འཛིན་བྱས་རྗེས་སུའང་རྣམ་ཤེས་ ཕྲ་མོ་མ་འགག་བར་ལུས་ཀྱི་མདངས་མ་ཉམས་པར་ཐུན་མཚམས་ལ་བཞུགས་རྒྱུའི་གནད་དོན་ དེར་ཚན་རིག་པས་དཔྱད་པ་བྱ་དགོས་པའི་ལམ་སྟོན་མཛད་ཡོད། ཕྱི་ཚེས་ ༢༣ ཉིན་༸གོང་ས་མཆོག་གིས་ཨུ་ཌེན་དང་ཊེ་རེས་ཊིའི་ས་ཁུལ་གྱི་གཙུག་ལག་སློབ་གྲྭའི་ སློབ་ཕྲུག་རྣམས་ལ་ཚན་རིག་ནང་པའི་གྲུབ་དོན་ཐོག་ནས་བློ་སྦྱོང་ཐབས། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྗེས་བྷེལ་ཇམ་ (Belgium) དུ་རྟེན་གཞི་བྱས་པའི་ཡོན་ཏན་གླིང་ཆོས་ཚོགས་སུ་ཆིབས་ཞལ་བསྒྱུར་རྒྱུ་ཡིན་ འདུག་པ་བཅས།།