དམིགས་བསལ་གསལ་བསྒྲགས།

བོད་ཁ་བ་གངས་ཅན་པའི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པ་འཇིག་རྟེན་ཞི་བདེའི་དེད་དཔོན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག

ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བོད་ལུགས་དགུང་གྲངས་༧༨ དང། ཕྱི་ལུགས་དགུང་གྲངས་༧༧ ཧྲིལ་པོ་འཁོར་བའི་སྐུའི་འཁྲུངས་སྐར་གྱི་དུས་ཚེས་ཁྱད་པར་ཅན་འདི་ལ་རང་ཅག་བོད་མི་ཡོངས་ཀྱིས་དགའ་དད་སྤྲོ་གསུམ་གྱི་ཐོག་ནས་འཁྲུངས་སྐར་སྲུང་རྩི་ཞུ་དགོས་པ་གལ་ཆེར་གྱུར་ཡོད་པ་བཞིན། ཡིག་ཐོག་ནས་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ་འདོད་ཡོད་རིགས་རྣམས་ནས་འདི་ག་བོད་ཀྱི་བང་ཆེན་གསར་ཁང་ལ་འབྲེལ་བ་གནང་ན། བདུན་རེའི་གསར་ཤོག་བོད་ཀྱི་བང་ཆེན་ནང་དུས་རྒྱུན་སྤྱི་མཚུངས་ཀྱི་གོང་ཚད་ལས་དམིགས་བསལ་ཆག་ཡང་ཐོག་ནས་གསལ་བསྒྲགས་ཞུ་རྒྱུའི་གོ་སྐབས་བསྐྲུན་ཡོད་པས། གཞུང་སྒེར་གྱི་སྒྲིག་འཛུགས་ཁག་དང། དགོན་པ་གྲྭ་ཚང། སློབ་གྲྭ། ཚོགས་པ་སྐྱིད་སྡུག  ཁྱིམ་ཚང་དང་མི་སྒེར་སོགས་ཀྱིས་ཕྱི་ལོ་༢༠༡༢ ཟླ་༧ ཚེས་༢ ལས་མི་འགྱང་བར་འབྲེལ་བ་གནང་སྐྱོང་ཡོང་བའི་གསལ་བསྒྲགས་སུ།   བོད་ཀྱི་བང་ཆེན་གསར་ཁང་ནས་ཕུལ།