བོད་མི་ཁག་ཅིག་འཛིན་བཟུང་དང་ཁྲིམས་ཆད།
རྒྱ་གཞུང་གིས་བོང་སྟག་དགོན་དགེ་ལྡན་བཤད་སྒྲུབ་རྣམ་རྒྱལ་གླིང་གི་དགེ་འདུན་པ་ཁག་ཅིག་འཛིན་བཟུང་བྱས་ཏེ། དེའི་ནང་ནས་དགེ་འདུན་པ་༢ ལ་ལོ་གཅིག་དང་ཕྱེད་ཀྱི་ཁྲིམས་ཐག་བཅད་ཡོད་འདུག
དེ་ཡང་མཆོ་སྔོན་ཞིང་ཆེན་ཐེམ་ཆེན་རྫོང་བོང་སྟག་དགོན་དགེ་ལྡན་བཤད་སྒྲུབ་རྣམ་རྒྱལ་གླིང་གི་གྲྭ་དམ་ཆོས་བཟང་པོ་ལགས་ཀྱིས། འདི་ལོའི་ཕྱི་ཟླ་༢ པའི་ཚེས་ ༡༧ ཉིན་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་ཏེ་འདས་གྲོངས་སུ་སོང་ཡོད་པ་དང་། སྐབས་དེར་བོང་སྟག་དགོན་པའི་གྲྭ་མཁས་གྲུབ་རྒྱ་མཚོ་དང་དགེ་རྒན་སངས་རྒྱས།གྲྭ་དཀོན་མཆོག་དར་རྒྱས་དང༌སྐལ་བཟང་བྱང་སེམས། དམ་ཆོས་ཚུལ་ཁྲིམས། འཇམ་དབྱངས་འོད་ཟེར། དཀོན་མཆོག་རྒྱ་མཚོ།ཤེས་རབ་བཟང་པོ། གྲགས་པ་བཅས་འཛིན་བཟུང་བྱས་ཡོད་པའི་ཁྲོད་ནས་དཀོན་མཆོག་རྒྱ་མཚོ་དང་ཤེས་རབ་བཟང་པོ་གཉིས་ལ་ལོ་གཅིག་དང་ཕྱེད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག