རང་བསྲེག་ལས་འགུལ་སྤེལ་མཁན་གྱི་ནང་མི་འཛིན་བཟུང་།

གནས་ཚུལ་ཤེས་གསལ་ལྟར་ན། ཟླ་འདིའི་ཚེས་༢༠ ཉིན་ཁམས་ཡུལ་ཤུལ་ཁྲིན་འདུ་རྫོང་། རྫ་སྟོད་གྲོང་རྡལ་དུ་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེག་གཏོང་མཁན་ངག་དབང་ནོར་འཕེལ་དེང་སྐབས་ཟི་ལང་དམག་གི་སྨན་ཁང་དུ་ཡོད་པ་དང་།

ཟིལ་དཀར་དགོན་པའི་གྲྭ་པ་གཉིས་ཆེད་དུ་ཁོང་གི་ནད་གཡོག་ཏུ་བསྡད་ཡོད་འདུག་ནའང་། སྨན་ཁང་གི་འབྲེལ་ཡོད་ཀྱིས་ནད་པའི་ལུས་ན་རྨ་མང་པོ་ཡོད་པར་བརྟེན་ནད་པའི་ཉེ་སར་བཅར་མི་རུང་བར་བཤད་ནས། ནད་གཡོག་གཉིས་ནད་པའི་ཉེ་སར་གཏོང་གི་མེད་པའི་གནས་ཚུལ་ཐོན་འདུག

ཁོང་གི་སྨན་ཁང་དུ་ཡོད་སྐབས་ཀྱི་བརྙན་འཕྲིན་ཐུང་ངུ་ཞིག་ཀྱང་རྒྱ་གར་དུ་འབྱོར་ཡོད་པ་དང་། དེའི་ནང་ཁོང་གིས་སྐད་ཆ་ཅུང་རེ་བཤད་ཐུབ་སྐབས། བོད་ལ་རང་དབང་དགོས་སྐོར་དང་། སྐད་ཡིག་ལ་རང་དབང་དགོས་སྐོར་བཤད་འདུག

དེ་མིན་ཕྱི་ཚེས་ ༢༡ ཉིན་ངག་དབང་ནོར་འཕེལ་གྱི་ཆུང་མ་སྒྲོལ་མ་བདེ་སྐྱིད་དང་ཆུང་མའི་གཉེན་ཉེ་བུ་མོ་ཆོས་དབྱངས་སྒྲོལ་མ་ཟེར་བ་དང་། གཞན་ངག་དབང་ནོར་འཕེལ་ཐོག་མར་ཨ་མདོ་རྔ་པ་ནས་་ཁམས་ཁྲིན་འདུ་རྫོང་རྫ་སྟོད་དུ་སླེབས་སྐབས་སྡོད་སའི་མི་ཚང་དེའི་བུ་བྱམས་པ་བཅས་རྒྱ་ནག་གཞུང་གིས་ཁྲིད་དེ་རྟོག་པས་བཀག་ཉར་བྱས་ཡོད་འདུག །

མེ་སོར་གསར་འགོད་པས།

ཕྱི་ཟླ་༦ ཚེས་༢༠ ཉིན་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེག་གཏོང་མཁན་ངག་དབང་ནོར་འཕེལ་ལགས།
http://www.youtube.com/watch?v=OCsaunXM1zM