ལོ་ཡུས་སྦས་ལེའུ (༡༨༠༩-༡༨༥༢)

ལོ་ཡུས་སྦར་ལེའུ  (༡༨༠༩-༡༨༥༢) ལོ་ཡུས་སྦར་ལེ་ནི་ཧྥ་རན་སིའི་ཀོ་མཉེ་རྒད་པོ་ཞིག་གི་བུ་རེད།  ཏག་ཏག་རང་ལོ་གསུམ་ལ་སོན་པའི་སྐབས་དེར།  ཁོ་རང་གི་ཕ་ལགས་ཀྱི་ལས་རྩོལ་བྱ་སའི་ཁང་སྟེང་ནས་གཡང་དུ་ལྷུང་སྟེ་ལོང་བ་ཆགས་པ་རེད། ཉིན་དེ་ནས་བཟུང་ལོ་ཡིས་ལ་ཕྱི་རོལ་གྱི་བེམ་དངོས་མཐོང་བའི་མིག་དབང་ཡོངས་སུ་ཉམས་པར་གྱུར།

ལོ་ཡུས་ལ  མི་སྤྱི་ཡོངས་ལྟར་མིག་དབང་གི་ནུས་པ་མེད་ཀྱང་བློ་གྲོས་ཀྱི་བློ་གཤོག་ཡངས་པོ་ཞིག་ཡོད་སྟབས།  ཉིན་ལྟར་གྲོང་ཁྱེར་གྱི་འདུ་འཛི་ལ་ཉན་གྱིན་རོལ་མོ་ཁང་དུ་སེ་ལོ་དཀྲོལ་ནས་ཉི་མ་གཏོང་གི་ཡོད། ཁོ་ལོ་ངོ་བཅུ་ལ་སོན་པའི་ཉིན་དེར་ཧྥ་རན་སིའི་རྒྱལ་ས་པར་རུ་སི་ནས་རྒྱལ་ཡོངས་ལོང་པའི་ཤེས་ཡོན་ཚོགས་པས་ཁོ་ལ་སློབ་ཡོན་སྦྲག་མའི་གོ་སྐབས་སྤྲད། དེ་ནི་ཁོས་སློབ་ཡོན་རག་ཐེངས་དང་པོ་དེ་རེད།  མ་གཞི་ཁོས་སེ་ལོ་དཀྲོལ་ཤེས་ཀྱི་ཡོད་པ་སོགས་ཀྱིས་རྐྱེན་པས་དམིགས་བསལ་སློབ་ཡོན་དེ་རག་པ་རེད། ཡིན་ཡང་སྐབས་དེ་དག་ལ་ཁོས་སེ་ལོ་དཀྲོལ་ཤེས་པ་ལས་ཡི་གེ་འབྲི་ཀློག་སོགས་གང་ཡང་ཤེས་ཀྱི་མེད།  ༡༨༡༩་ལོར་ཧྤ་རན་སིའི་དམག་མི་ཆེ་ལོ་སྦར་སྦར་གྱིས་མུན་ཁྲོད་འབྲི་ཀློག་གསར་བཏོད་བྱས།  ཁོང་གིས་འབྲི་ཤོག་གི་སྟེང་དུ་ཐིིག་དང་ཚེག་དམིགས་བསལ་བ་བརྒྱབས་ཡོད་སྟབས་དམག་མི་ཚོས་བདེ་ལེགས་ངང་མུན་ཁྲོད་དུ་ཀློག་འདོན་བྱེད་ཐུབ་ཀྱི་ཡོད། ལོ་ཡུས་སྦར་སྦར་ལོ་ན་བཅོ་ལྔ་ལ་ལོན་པའི་སྐབས་དེར་ཁོས་ཆེ་ལོ་སྦར་སྦར་གྱིས་གསར་བཏོད་བྱས་པའི་མུན་ཁང་དུ་འབྲི་ཀློག་གི་ཐབས་ལམ་དེ་ལོང་པ་ཚོ་ལ་གལ་ཆེན་ཞིག་ཡིན་པའི་ཤེས་རྟོགས་དེ་རྙེད་པ་ནས་དེ་རྒྱ་བསྐྱེད་བྱ་རྒྱུའི་ལས་གཞིའི་མགོ་བརྩམས། ༡༨༢༩  ནས་ཧྥ་རན་སིའི་་ཚོགས་པ་དང་སྡེ་ཁག་སོ་སོའི་ལོ་ཡུས་སྦར་སྦར་གྱིས་གསར་བཏོད་བྱས་པའི་མུན་ཁང་འབྲི་ཀློག་གི་ཐབས་ལམ་དེ་ལག་ལེན་བྱ་རྒྱུའི་ལས་གཞི་དངོས་སུ་ལག་བསྟར་བྱས། རིམ་བཞིན་སྦར་སྦར་སྐད་ཡིག་ཅེས་ཡོངས་གྲངས་བྱུང་།  ༡༩༣༧་ལོ་ནས་བཟུང་སྦེར་ར་སྦེར་སྐད་ཡིག་འཛམ་གླིང་ལ་དར་ཁྱབ་བྱུང་ཡོད་པ་རེད།  ༡༨༥༢ ལོ་ཡུས་རང་ལོ་ཞེ་གསུམ་ལ་སོན།   ལོ་དེ་ཁོ་འཇིག་རྟེན་མི་ཡུལ་དང་ཁ་ཐག་རིང་ཕྱིན་པའི་ལོ་དེ་རེད།  ཁོས་རང་ཉིད་ཀྱི་གསར་བཏོད་དེ་གལ་ཆེན་དང་ཕན་ནུས་རང་བཞིན་ཅན་ཞིག་ཡིན་པ་ད་དུང་ཤེས་མེད།