རྒྱལ་རོང་གི་གྲྭ་པ་ཞིག་གིས་རང་ལུས་མེར་བསྲེག་གི་ངོ་རྒོལ།
 ཟླ་འདིའི་ཚེས་༡༧ ཉིན་བོད་མདོ་སྨད་རྔ་པ་བོད་རིགས་རང་སྐྱོང་ཁུལ་འབར་ཁམས་རྫོང་། རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་གྲྭ་བློ་བཟང་བློ་འཛིན་གྱིས་རྒྱ་གཞུང་ལ་རང་ལུས་མེར་སྲེག་གིས་ངོ་རྒོལ་བྱས་ཏེ། སྐུ་གྲོངས་ཡོད་པ་རེད།
ཟླ་འདིའི་ཚེས་༡༧ ཉིན་བོད་མདོ་སྨད་རྔ་པ་བོད་རིགས་རང་སྐྱོང་ཁུལ་འབར་ཁམས་རྫོང་། རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་གྲྭ་བློ་བཟང་བློ་འཛིན་གྱིས་རྒྱ་གཞུང་ལ་རང་ལུས་མེར་སྲེག་གིས་ངོ་རྒོལ་བྱས་ཏེ། སྐུ་གྲོངས་ཡོད་པ་རེད།
ཁོང་རང་ལོ་༡༨ ཡིན་དང་། ཁོང་གིས་ཟླ་འདིའི་ཚེས་༡༧ ཉིན་གྱི་བོད་ནང་གི་ཉིན་གུང་དུས་ཚོད་༡༢ ཡོལ་ཙམ་ལ་ཚོ་བདུན་ཀིརྟི་དགོན་པའི་གླིང་དཀྱིལ་གྱི་འདུ་ཁང་མདུན་ནས་རང་ལུས་མེར་སྲེག་བཏང་སྟེ། ས་གནས་སྲིད་གཞུང་ཕྱོགས་སུ་གོམ་བགྲོད་བྱས་ཡོད་ཅིང་། ཅུང་ཙམ་ནས་ལུས་ཀྱི་མེ་ཤུགས་ཆེ་རུ་སོང་སྟབས་ས་ལ་འགྱེལ་ནས་སྐུ་གྲོངས་ཡོད་འདུག
 མེ་སྒྲོན་པ་དང་མཉམ་དུ་སྐད་འབོད་མང་པོ་ཞིག་བྱས་ཡོད་ཀྱང་བརྗོད་ཚིག་གང་ཡིན་གསལ་བོ་ཤེས་རྟོགས་ཐུབ་མེད་པ་རེད། གནས་ཚུལ་དེ་བྱུང་རྗེས་གྲྭ་པ་རྣམས་ཀྱིས་སྐུ་ཕུང་གཙང་ཉར་བྱས་ཏེ། ཀུན་རིག་རྣམ་པར་སྣང་མཛད་ཀྱི་སྒོ་ནས་རྗེས་འཇུག་གི་ཆོ་ག་བསྒྲུབས་དང་སྒྲུབ་མུས་ཡིན་ཞིང་། གྲྭ་པ་རྣམས་ཀྱིས་དོ་དགོང་མཚན་ལ་སྐུ་ཕུང་ཞུགས་འབུལ་བྱེད་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་འདུག
 དེ་རྗེས་འབར་ཁམས་རྫོང་ནས་རྒྱ་ནག་གཞུང་གི་དྲག་
དེ་རྗེས་འབར་ཁམས་རྫོང་ནས་རྒྱ་ནག་གཞུང་གི་དྲག་
 སྐུ་གཤེགས་ཁོང་ནི་འབར་ཁམས་རྫོང་རྒྱལ་རོ
 རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པ་
 དེ་སྔོན་ཕྱི་ཟླ་ ༣ ཚེས་ ༣༠ ཉིན་དགོན་འདིའི་གྲྭ་འཆི་མེད་
གནས་ཚུལ་མཁོ་གཏོང་བ་དྷ་ས་ཀིརྟིའི་བྱེས་པ་གྲྭ་

