དྲྭ་གྲོགས་ཚོ་མ་མཇལ་ཡུན་རིང་། སྐུ་ཁམས་བཟང་།

༄༅།། ངོ་མ་དེ་རིང་ནས་རྩིས་པའི་ཟླ་ངོ་མང་པོ་ཞིག་དྲྭ་ངོས་འདི་ལ་བལྟ་རྒྱུ་རེག་མ་བྱུང་། དེའང་གཞི་ནས་བསམ་གཞིགས་ཤིག་བྱས་དུས་སེམས་ཕངས་དགོས་པ་འདྲ་ཞིག་རེད། འོན་ཏང་སྐྱོན་མི་འདུག འདི་ན་སྔར་ཡོད་ཀྱི་གྲོགས་པོ་དང་གྲོགས་མོ། ཕྱིས་སུ་འདི་ན་གསར་དུ་ཞུགས་པའི་དྲྭ་གྲོགས་ཕོ་མོ་ཡོངས་ལ་བཀྲ་ཤིས་བདེ་ལེགས་དང་། རྗེས་སུ་སྔར་བཞིན་ངེད་ཅག་གིས་འདི་ན་སྐྱིད་ན་ཞབས་བྲོ་མཉམ་འཁྲབ་དང་། སྡུག་ན་ཁུར་བོ་མཉམ་འཁུར་བྱ་རྒྱུ་ལ་ཡིད་ཆེས་བརྟན་པོ་ཡོད། དེ་རིང་འདི་ནས་གྲོགས་དག་ལ་སྐད་ཅིག་བཞག་ཡོད། སླར་མི་འགྱང་བར་མཇལ་ཡོང་ངོ། ལི་ཐང་དབྱིག་གཉེན་གྱིས་གུས་ཞབས་དང་བཅས་ཏེ་ཕུལ།