ཁམས་པའི་ཕོ་མོ་བསྟོད་པའི་གཞས་ཚིག བོད་འབྱོར།
ཁམས་པའི་ཕོ་མོ་རྒན་གཞོན་མ་ལུས་པ། །ཁ་བ་བོད་པའི་མི་ཡི་དྭངས་རྩེ་ཡིན། །
ས་སྟེང་འདི་ཡི་རྐང་གཉིས་ཡོད་དོ་ཅོག །
ཨ་མའི་བུ་རྒྱུད་ཡིན་པ་འདྲ་ན་ཡང་། །
ཡ་ཆུང་ཁོག་གི་སྙིང་སྟོབས་ཕུལ་བྱུང་བ། །
ཁམས་པའི་མི་ཡི་ཁྱད་ཆོས་ངོ་མ་ཡིན། །
ཀུན་ལ་ཤ་ཞེན་ཡོད་པ་འདྲ་ན་ཡང་། །
ཁ་བ་བོད་པའི་སྐྱིད་སྡུག་ཁོ་ནའི་ཆེད། །
ལུས་དང་སྲོག་ཀྱང་ཕངས་མེད་གཏོང་བ་དེ། །
ཁམས་པའི་མི་ཡི་རང་གཤིས་འགྱུར་མེད་ཡིན། །
ནོར་དང་ལོངས་སྤྱོད་ཀུན་ལ་མཁོ་མོད་ཀྱང་། །
དེ་ལས་སྤྱི་དོན་གཙུགས་སུ་འཛིན་པ་ཡི། །
ཁམས་པའི་ཕོ་མོ་རྒན་གཞོན་མ་ལུས་པ། །
ཁ་བ་བོད་པའི་མི་ཡི་དྭངས་རྩེ་ཡིན། །
ཚིག་རྩོམ་པ་པོ་བ་རོད་ཨུ་དམ།་་་་་ཨ་མཆོག་གླུ་བ་ཕུལ་བྱུང་གི་ཁུར་གྱིས་ནོན་པའི་ང་ཚོ་ཟེར་བའི་བརྙན་སྡེར་ལས་བཤུས། །