གཏེར་ཁ་སྔོགས་འདོན་ལ་ངོ་རྒོལ།

chuwaད་ལྟ་རང་བོད་ནས་གནས་ཚུལ་འབྱོར་གསལ་ལ་་་ངའི་ཕ་ཡུལ་ཆུ་བ་སྡེ་བའི་སྣེའུ་ཆེན་སེམས་ལུང་དུ་གོང་རིམས་ཀྱི་གཏེར་ཁ་བསྔོགས་འདོན་གྱི་ལས་གཞི་དངོས་སུ་མགོ་བརྩམས་རྒྱུ་བྱས་ཏེ་གཟའ་འཁོར་འདིའི་གཟའ་ལྷག་པ་ཉིན་གོང་རིམས་ནས་ལྟ་སྐོར་ལ་ཡོངས་རྒྱུ་བྱས་ཡོད་པས།

ས་གནས་མང་གིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན་བཞི་བཅུ་ཞེ་བཞིའི་ནང་གསལ་འཁོར་ཡུག་སྲོང་སྐྱོབས་ཀྱི་བསྒྲགས་གཞི་ནང་འཁོད་བཞིན་འཕྲེད་དར་ཕྱར་དེ་སེམས་ལུང་སུམ་མདོ་རུ་གུར་རྒྱབ་དེ་སྡོད་བཞིན་འདུག། ད་ལྟའི་བར་གོང་རིམས་ནས་མངགས་གཏོང་སླེབས་ཏེ་རྒྱང་ནས་པར་རེ་རྒྱབ་པ་ལས་དམིགས་བསལ་བཀའ་གང་ཡང་བཏངས་མེད་ཚོད་འདུག། སྡེ་མི་ཡོངས་རྫོགས་དུས་ཐོག་ལ་སླེབས་དགོས་པའི་འབོད་བརྡ་བཏང་ཡོད་པ་མ་ཟད་གལ་སྲིད་མ་ཡོངས་ན་རྒྱ་སྒོར་ཆིག་སྟོང་གི་ཆད་པ་གཅོད་རྒྱུ་ཡིན་པའི་གསལ་བསྒྲགས་ཡང་བྱས་འདུག། སྡེ་མི་སྐོར་ཞིག་ཁུལ་དང་ཞིང་ཆེན་སོགས་ལ་གཏུགས་ཤེར་ལ་སོང་ཡོད་ཚོད་འདུག།  དེ་མིན་གནས་ཚུལ་གསལ་བོ་ཤེས་མ་སོང་།

chuwa3