དགོན་པའི་ཁྲིམས་ལུགས་དང་གྲྭ་པའི་མི་ཚེ།
དགོན་པའི་ཁྲིམས་ལུགས་དང་གྲྭ་པའི་མི་ཚེ།
བྱིས་པ་བསམ་མེད་ཅིག་དགོན་པར་བསྐྱལ་ཞིང་།།
དགེ་བསྐོས་བཙན་པོ་ཡི་བཀའཁྲིམས་ཉན་ནས།།
འབུད་རྡུང་དཀྲོལ་གསུམ་ལ་སྦྱང་བརྡར་བྱས་པས།།
ན་ཚོད་གཞོན་པ་ཡི་ལངས་ཚོ་རྫོགས་ཐལ།།
སྣབས་ལུག་བྱིས་པ་ཞིག་ཁྲི་ལ་བསྐོད་ནས།།
འདས་མ་ད་གསུམ་གྱི་ལུང་བསྟན་ཞུ་ཞིང་།།
ས་རྡོ་རི་བྲག་ལ་དད་པ་བྱས་ནས།།
སྐྱབས་གནས་ངོ་མ་དེ་གང་དུ་བུད་སོང་།།
ར་ལྤགས་སྐམ་པོ་ཞིག་ཤིང་ལ་བཀབ་ནས།།
ལག་པ་་ན་ན་རུ་དབྱུག་པ་བརྒྱབ་ཀྱང་།།
ཤཀྱ་ཐུབ་པ་ཡི་ཆོས་ལུགས་ངོ་མ།།
འདི་ནས་རྙེད་པ་ཞིག་ནམ་ཡང་མི་འདུག
ལྷ་ཁྱིམ་དགོན་པ་རུ་ལོ་བཅུ་ཕྱིན་ཡང་།།
མི་དགེ་བཅུ་པོ་དེ་ད་དུང་མ་ཤེས།།
གསང་སྔགས་རྒྱུད་སྡེ་རྣམས་ངག་སྐྱོར་བཏང་ནས།།
རྩ་བ་བཞི་པོ་དེ་མིང་ཐོ་བརྗེད་སོང་།།
མིག་རིལ་གཉིས་པོ་དེ་གྱེན་དུ་བསྒྱུར་ནས།།
ཧུང་ཧུང་ཕད་ཕད་ཀྱིས་གནམ་ས་བཀས་པས།།
གཟུགས་མེད་ལྷ་འདྲེ་ཞིག་མཐོང་རྒྱུ་མེད་ཀྱང་།།
སྦྱིན་བདག་གླེན་པ་དེ་ཐུགས་ཡིད་བདེ་སོང་།།
ལོ་གསུམ་རི་ཁྲོད་དུ་བསམ་གཏན་སྒོམ་ཞིང་།།
ཟླ་གསུམ་གྲོང་ཁྱིམ་དུ་བཟློག་སྒྱུར་བྱས་པས།།
དད་ལྡན་ཁྱིམ་ཚང་གི་ན་ཆུང་བུ་མོ།།
ཚེ་གང་འདུན་མ་ཡི་གཏན་གྲོགས་རག་སོང་།།
ལོ་ན་བཞི་བཅུ་ཡི་གྲལ་དུ་བསླེབས་ཤིང་།།
འགྲམ་རྩ་སེ་མཁན་གྱི་ཕ་རྒན་ཆགས་དུས།།
རང་མིང་དག་ཆ་དེ་ད་དུང་མེད་པས།།
མི་ཚེ་འཕྲོ་བརླགས་དེ་གཞི་ནས་ཤེས་ཐལ།།