ཟིལ་དཀར་དགོན་པའི་གྲྭ་པ་ཞིག་འཇུ་བཟུང་།

dhfshhfghfgཕྱི་ཟླ་༡༠ ཚེས་༡ ཉིན་ཁམས་སྐྱེ་རྒུ་མདོ་ཁྲི་འདུ་རྫོང་། རྫ་སྟོད་ཡུལ་ཚོ་དར་དམར་སྡེ་པ་ནས་ཡིན་པའི་ཉ་མཚོ་ཟིལ་དཀར་དགོན་གྱི་གྲྭ་བསྟན་འཛིན་ཤེས་རབ་རྒྱ་མི་ཉེས་རྟོག་པས་འཇུ་བཟུང་གཙན་ཁྲིད་བྱས་འདུག

ཁོང་རྫ་སྟོད་ཡུལ་ཚོ་ནས་འཛིན་བཟུང་བྱས་པ་དང་། དེ་རྗེས་ནང་མི་སྤུན་མཆེད་རྣམས་ཀྱིས་ཉེས་རྟོག་ལས་ཁང་དུ་འབྲེལ་བར་བྱས་ནས་ཁོང་གང་ཡོད་རྩད་གཅོད་བྱས་ཀྱང་། ཁོང་ས་གནས་གང་དུ་བཀག་ཉར་བྱས་ཡོད་མེད་ཤེས་རྟོགས་གསལ་པོ་མེད་པ་རེད།
འདི་ལོའི་ཕྱི་ཟླ་༢ པའི་ཚེས་༨ ཉིན་ཉ་མཚོ་ཟིལ་དཀར་དགོན་གྱི་གྲྭ་མང་དང་དེར་ཡོད་ཀྱི་མི་མང་རྣམས་ཀྱིས་ཞི་བའི་སྐད་འབོད་བྱེད་སྐབས། ལས་འགུལ་ནང་མཉམ་ཞུག་བྱས་པ་དང་དེའི་རྐྱེན་གྱིས་ཡིན་ཚོད་འདུག

གྲྭ་བསྟན་འཛིན་ཤེས་རབ་ནི་ད་ལྟ་རང་ལོ་༢༨ དང་། ཕ་མིང་ལ་འཇམ་ཆོས། མ་མིང་ལ་པདྨ་བདེ་སྐྱིད་ཟེར་གྱི་ཡོད་འདུག ཁོང་ནི་རྒྱུན་ལྡན་དུ་ཀུན་སྤྱོད་བཟང་ཞིང་སློབ་སྦྱོང་ལ་ཧུར་བརྩོན་ལྡན་པ་མ་ཟད། མི་རིགས་ཀྱི་ལ་རྒྱ་ཅན་ཞིག་ཡིན་འདུག །