བོད་ནང་གི་ཛ་དྲག་གནས་བབས་ངོ་སྤྲོད།

ཟླ་འདིའི་ཚེས་༢༧ ཉིན་གྱི་སྔ་དྲོ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གོ་སྒྲིག་འོག བོད་ནང་གིས་ད་ལྟའི་ཛ་དྲག་གི་གནས་སྟངས་དང་།   རྒྱ་གཞུང་གིས་བོད་ཐོག་འཛིན་པའི་ཁྲག་དྲི་བྲོི་བའི་སྲིད་བྱུས་བཅས་ཀྱི་སྐོར་ངོ་སྤྲོད་ཀྱི་ཚོགས་འདུ་ཞིག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཌི་རུ་འཚོགས་ཡོད་པ་རེད།

ཚོགས་ཐོག་ཏུ་ས་གནས་ཀྱི་བོད་མིའི་གཞིས་གྲོང་ཁག་དགུའི་མི་མང་མཉམ་ཞུགས་བྱས་ཡོད་པ་དང་། དེ་ཡང་ཐོག་མར་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་ནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོས་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོ་སྤྲོད་དང་འབྲེལ་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྐོར་མི་མང་ལ་ངོ་སྤྲོད་གཏམ་བཤད་སྐབས།  བོད་ནང་གི་གནས་སྟངས་ཉིན་རེ་ནས་ཉིན་རེ་བཞིན་ཛ་དྲག་ཏུ་ཆགས་བཞིན་ཡོད་པ་རེད།  བོད་མི་རང་ལུས་མེར་སྲེག་གནང་མཁན་དྲུག་ཅུ་ལྷག་ཆགས་ཀྱི་ཡོད་པ་རེད།  ཁོང་ཚོ་རང་སྲེག་གནང་སྐབས་བོད་ལ་རང་དབང་དགོས་༧གོང་ས་མཆོགས་བོད་དུ་གདན་འདྲེན་ཞུ་དགོས་ཞེས་རེ་འདུན་འདོན་བཞིན་ཡོད་མ་གཏོགས། གནས་ལུགས་དང་མི་མཐུན་པའི་ལས་ཀ་གང་ཡང་གནང་གི་མེད་པ་གསལ་བོ་རེད།  ཡིན་ན་ཡང་རྒྱ་གཞུང་གིས་ཁོང་ཚོའི་མཚོན་པའི་བོད་ནང་གཞིས་བཞུགས་མི་མང་གི་ཐོག་འཛིན་པའི་སྲིད་བྱུས་ཐ་དག་རྒྱལ་སྤྱི་ཁྲིམས་ལུགས་དང་འགྲོ་བ་མིའི་ཐོབ་ཐང་དང་འགལ་བའི་ལས་ཀ་རྐྱང་རྐྱང་རེད།  དེར་བརྟེན། དེ་ལྟ་བུའི་རྒྱ་གཞུང་གིས་ཁྲིམས་འགལ་གྱི་སྲིད་བྱུས་དེ་ཚོ་འཛམ་གླིང་གི་མིག་མདུན་དུ་གསལ་སྟོན་བྱེད་ཆེད་དུ།   ང་ཚོས་ངོས་ནས་ཤར་ནུབ་ཀྱི་རྒྱལ་ཁབ་ཁག་གིས་ནང་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་།   ལྷག་པར་དུ་རྒྱ་ནག་ནང་ཁུར་དང་ནུབ་ཕྱོགས་བཅས་སུ་ཡོད་པའི་རྒྱ་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ལ་བོད་དོན་སྤྱི་དང་བྱེ་བྲག་ད་ལྟའི་བོད་ནང་གི་ཛ་དྲག་གི་གནང་ཁག་ངོ་སྤྲོད་དང་རྒྱབ་སྐྱོར་འཚོར་ཞིབ་བྱེད་བཞིན་ཡོད་ཅེས་སོགས་གསུངས་སུང་།  དེའི་རྗེས་སུ་མི་མང་དང་དྲི་བ་དྲིས་ལན་ཡང་གནང་སོང་།

མོན་གྷོ་གསར་འགོད་པས།