སློབ་མའི་རྩེད་འགྲན་གྱི་གཟེངས་རྟགས།
རྒྱ་གར་སཱོ་ནཱ་དཱ་བོད་པའི་ཉིན་སློབ་ཀྱི་སློབ་མ་ཚོ་རྒྱ་གར་བྱང་ཤར་ཁུལ་སློབ་གྲྭའི་རྩེད་རིགས་འགྲན་སྡུར་ལ་ཞུགས་ཏེ། ཟླ་འདིའི་ཚེས་༢ ནས་ཉིན་གསུམ་རིང་རྩེད་འགྲན་བྱས་མཐར་གསེར་དངུལ་གྱི་རྟགས་མ་ཁག་ཅིག་ཐོབ་པ་རེད།
དེ་ཡང་མངའ་སྡེའི་དེའི་གཞུང་སྒེར་གྱི་སློབ་གྲྭ་ཁག་༦༩ དང་སློབ་ཕྲུག་ཆེ་ཆུང་གྲངས་༡༥༠༠་ལྷག་འཛུལ་ཞུགས་བྱས་ཡོད་པའི་ནང་། སློབ་ཕྲུག་ལོ་ན་༡༤ ཡན་ལ་སྡེ་ཚན་གཅིག་དང་། ལོ་ན་༡༦ ཡན་ལ་སྡེ་ཚན་གཅིག་ལོ་ན་༡༩་ཡན་ལ་སྡེ་ཚན་གཅིག་བཅས་ཡོད་པ་རེད། རྡོ་རྗེ་གླིང་སོ་ནཱ་དཱ་བོད་པའི་ཉིན་སློབ་ཡང་ལོ་ལྟར་འཛུལ་ཞུགས་བྱེད་བཞིན་པ་ལྟར་འདི་ལོ་ཡང་ བུ་༤ དང་བུ་མོ་༨ འཛུལ་ཞུགས་བྱས་ཏེ། སོ་ནཱ་དཱ་ཉིན་སློབ་ནས་གསེར་གྱི་རྟགས་མ་གསུམ་དང་། དངུལ་གྱི་རྟགས་མ་གཉིས། ཟང་གི་རྟགས་མ་གཅིག་བཅས་ཐོབ་ཡོད་པ་རེད།།
གནས་ཚུལ་མཁེ་གཏོང་བ་དགེ་བྱམས་པ་དབང་ཆེན།