གཞོན་ནུ་མ་ཁྲུས་རྫིང་ལ་ཞུགས་པ། །
དྲང་སྲོང་དགྱེས་པའི་དམ་བཅའ་ཉིལ་བ་མ་ངེས་ངེས་ལེགས་རྡོ་རྗེ་ཆགས་པ་རྡོ་རྗེའི་སྐུ། སྔོན་སྐྱེས་འགའ་ཞིག་ཚངས་སྤྱོད་ལས་འཕགས་སྐྱེ་མེད་མེད་དགག་དྲིལ་བུར་མཉམ་སྦྱོར་དྲིལ་བུའི་མཚན། ཀླུ་དབང་གདེངས་ཀའི་དལ་འབབ་ལང་ཚོའི་སྐུ་ཁྲུས་ཁྲུས་རྫིང་ལྗོན་ཤིང་གྲིབ་བསིལ་ལྗོན་པའི་དཀྱིལ། སྟོབས་ལྡན་སྒྱུ་རྩལ་སྟོང་གི་དཔལ་འཕྲོག་གར་མཁན་མཁན་གྱི་མཛེས་སྡུག་གྲིབ་མས་མཛེས་སྡུག་འཇོམས། །
