བོད་མི་ཞིག་ལ་ལོ་༡ དང་ཟླ་༦ གི་ཁྲིམས་ཐག་བཅད་འདུག

2012_12_31_1

མཚོ་ལྷོ་ཁུལ་འབའ་རྫོང་གི་བོད་མི་ཚེ་རིང་དབང་རྒྱལ་ཞེས་པར་རྒྱ་གཞུང་གིས་ བོད་དོན་ལས་འགུལ་སྤེལ་བའི་ཉེས་མིང་འོག ལོ་༡ དང་ཟླ་༦ གི་བཙོན་འཇུག་ཁྲིམས་ཐག་བཅད་པ་རེད་འདུག

དེ་ཡང་འདི་ལོའི་ཕྱི་ཟླ་༣ ཚེས་༡༤ དང་༡༥ ཉིན་སོ་སོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབའ་རྫོང་དུ། འབའ་ཤིང་ཁྲི་དགོན་པའི་དགེ་འདུན་པ་ཚོས་ སྣེ་ཁྲིད་ དེ་ས་གནས་མི་མང་གིས་རྒྱ་ གཞུང་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་བྱས་པར་བརྟེན། རྒྱ་གཞུང་གིས་བོད་མི་སེར་སྐྱ་མང་པོ་ཞིག་འཛིན་བཟུང་བཙན་ཁྲིད་བྱས་ཏེ་རྗེས་སུ་ གློད་གྲོལ་བཏང་ཡོད་ན་ཡང་། ཁག་ཅིག་ད་དུང་ཡང་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་ཁོངས་ནས། སྐབས་དེར་འཛིན་བཟུང་བྱས་པའི་དབུ་འཁྱུད་དཔར་ཁང་གི་སྦྱིན་བདག་ཚེ་རིང་དབང་ རྒྱལ་ལ། ཟླ་འདིའི་ཕྱི་ཚེས་༢༡ ཉིན་ལོ་༡ དང་ཟླ་༦ གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད་འདུག

2012_12_31_1

རང་ལོ་༣༦ པའི་ཚེ་རིང་དབང་རྒྱལ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབའ་རྫོང་རྨ་བྲང་ཤང་ གཡེར་ངོགས་གྲོང་སྡེ་བྲག་དམར་རུ་ཁག་ནས་ཡིན་པ་དང་། ཁོང་གི་བཟའ་ཟླའི་མིང་ལ་རིགས་གསལ་མཚོ་དང་། ཨ་མའི་མིང་ལ་གཡང་ཁོ་ཟེར་གྱི་ཡོད་པ་རེད་འདུག