བྱང་ཨ་རིའི་སྔོན་འགྲོའི་རང་བཙན་ལྷན་ཚོགས་ཐེངས་གསུམ་པ།

ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་གཞོན་ནུ་ཚོགས་པའི་གོ་སྒྲིག་འོག  ཟླ་འདིའི་ཚེས་༢༩ ནས་ཉིན་གཉིས་རིང་ཨ་རིར་འཚོགས་པའི་བྱང་ཨ་རིའི་སྔོན་འགྲོའི་རང་བཙན་ལྷན་ཚོགས་ཐེངས་གསུམ་པའི་སྐབས།

tyc_aདབུས་གཞོན་ལྷན་གྱི་ཚོགས་གཞོན་དོན་གྲུབ་ལྷ་དར་དང་དྲུང་ཆེ་བསྟན་འཛིན་ཆོས་སྐྱིད་རྣམ་གཉིས་དྷ་ས་ནས་ཆེད་ཕེབས་ཀྱིས་ཚོགས་བཅར་བྱས་ཡོད་པ་རེད།

ལྷན་ཚོགས་དེ་༧གོང་ས་རྒྱལ་བ་སྐུ་ཕྲེང་༡༣  པ་ཆེན་པོས་བོད་རང་བཙན་ཡོངས་ཁྱབ་གསལ་བསྒྲགས་གནང་ནས་མི་ལོ་ཧྲིལ་པོ་བརྒྱ་འཁོར་ལ་ཉེ་བས།  ཕྱི་ལོ་གསར་པའི་ཟླ་བ་༥  པའི་ཚེས་༢༣ ཉིན་རྒྱལ་སྤྱིའི་རང་བཙན་ལྷན་ཚོགས་སྐབས་ཀྱི་སྟ་གོན་ཆེད་དུ་ཡིན་པ་དང་། ཚོགས་བཅར་བ་རྣམས་པས་མ་འོངས་འབྱུང་འགྱུར་གྱི་རང་བཙན་ལས་འགུལ་སྤེལ་ཕྱོགས་ཐད་བསམ་འཆར་བསྡུ་ལེན་དང།  བགྲོ་གླེང་གོ་བསྡུར་སོགས་གནང་ཡོད་པ་རེད།།