རྒྱ་གར་གཞུང་མང་གཉིས་བོད་མིའི་རྒྱབ་རྩར་ཡོད་ཅེས་གསུངས་འདུག

soth_2012_1_5བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོས་སྣེ་ཁྲིད་པའི་ཞུ་གཏུགས་ལས་འགུལ་ཚོགས་ཆུང་གིས་རྒྱ་གར་གྱི་ཀ་ཎ་ཏྲ་ཀའི་མངའ་སྡེ་གཞུང་གི་སྲིད་སྐྱོང་དང་། སྤྱི་ཁྱབ་བློན་ཆེན། གྲོས་ཚོགས་སོགས་སུ་མཇལ་འཕྲད་དང་། གསར་འགོད་གསལ་བསྒྲགས། ཁྲོམ་སྐོར་སོགས་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།

ཟླ་འདིའི་ཚེས་༥ ཉིན་ལྷོ་རྒྱ་གར་ལྷོ་ཕྱོགས་ཀྱི་ལས་འགུལ་གྱི་སྣེ་འཁྲིད་པ་སྤྱི་འཐུས་རྒྱ་རི་བུ་ཕྲུག་དང་།  སྤྱི་འཐུས་བུ་མོ་ཚེ་རིང་།  སྤྱི་འཐུས་ཚེ་རིང་གཡུ་སྒྲོན།  སྤྱི་འཐུས་བློ་བཟང་ཡི་ཤེས་དང་། སྤྱི་འཐུས་འཇིགས་མེད་འབྱུང་གནས། སྤྱི་འཐུས་ཨ་ཀྲུག་ཚེ་བརྟན། ལྷོ་སྤྱི་ཀརྨ་སེང་གེ། འབྲེས་ཡོད་ལས་བྱེད་ཆོས་འཕེལ་ཐུབ་བསྟན་བཅས་ཀྱིས་ལས་འགུལས་སྤེལ་ཕྱོགས་ཆ་བགོས་ཀྱིས་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་དང་། འཐུས་མི་སོགས་གནད་ཡོད་མི་སྣ་ཁག་བོད་དོན་རྒྱབ་སྐྱོར་དགོས་པ་དང་། བོད་ནང་རྒྱ་ནག་གིས་བཙན་འོག་ཏུ་སྡུག་སྦྱོང་གནར་གཅོད་མྱོང་བཞིན་ཡོད་སྐོར་ངོ་སྤྲོད་གནང་།  གྲོས་ཚོགས་འཐུས་མི་ཚོས་བོད་དོན་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་གསུངས་འདུག

soth1_2012_1_5གཞན་ཡང་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟང་སྤྱི་དང་ལྷག་པར་བོད་མི་༩༥སྐུ་ལུས་མེ་སྲེག་གི་རྒྱ་གཞུང་ལ་ངོ་རྒོལ་གནང་བའི་གནས་སྟང་སོགས་གསར་འགོད་པར་ངོ་སྤྲོད་གནང་།  གསར་འགོད་པ་ཁག་གཅིག་གིས་བོད་ནང་ལ་དངོས་སུ་འགྲོ་འདོད་ཡོད་པ་དང་།   ཇི་ལྟར་སོང་ན་དགའ་མིན་སོགས་ཀྱི་ཐད་བཀའ་འདྲི་གནང་བར་ལྷོ་སྤྱི་བརྒྱུད་བོད་མིའི་སྒྲིགས་འཛུགས་ལ་འབྲེལ་བ་གནང་དེ་ཕེབས་ན་དགེ་མཚན་ཆེ་བར་ལམ་སྟོན་ཞུས།

ཉིན་གོང་ཚོུད་༡ ཐོག་མངའ་སྡེ་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇཱ་གྷ་དི་ཤཱི་(Jagadish Shetter)དང་མཇལ་འཕྲད་གནང་།  བོད་དོན་ངོ་སྤྲོད་ཀྱི་དེབ་དང་།  ཡིག་ཆ། འོད་དེར་(DVD)སོགས་ཕུལ་བ་དང་།  བོད་ནང་གི་གནས་སྟངས་དང་སྤྱི་དང་སྐུ་ལས་མེ་སྲེག་གི་སྐོར།  དེ་ལ་རྒྱ་ནག་གཞུང་གི་དྲག་གནོན་ཇི་ལྟར་བྱེད་མིན་སོགས་ཀྱི་སྐོར་ངོ་སྤྲོད་བྱས། བློན་ཆེན་གྱིས་ངས་རྟག་ཏུ་བོད་དོན་ལ་དོ་སྣང་བྱེད་ཀྱི་ཡོད་ལ།  བོད་ཕྱི་ནང་གི་དཀའ་ངལ་ཚང་མ་ཤེས་ཀྱི་ཡོད། ང་ཚོ་ལ་ལྟ་བ་མཐུན་མིན་གྱི་ཚོགས་སྡེ་ཁག་མང་པོ་ཡོད་ཀྱང་བོད་དོན་ཐོག་ཅིག་གྱུར་གྱིས་རྒྱབ་སྐྱོར་ཡོད་པ་དང་།  ང་ཚོ་ནམ་ཡང་བོད་དང་བོད་མིའི་རྒྱབ་ལ་ཡོད་ཅེས་གསུངས་ཡོད་པ་རེད།

མངའ་སྡེའི་བློན་ཆེན་དང་། མངའ་སྡེའི་སྲིད་སྐྱོང་སོགས་དཔོན་རིགས་ཁག་ལ་བོད་དོན་རྒྱབ་སྐྱོར་ཡོང་རེ་འདུན་ཞུས་པ་སོགས་བོད་དོན་ཞུ་གཏུགས་དང་། རྒྱབ་སྐྱོར་བཙར་བའི་ལས་འགུལ་དེ་མུ་མཐུད་སྤེལ་བཞིན་ཡོད་པ་རེད།།