བོད་མིའི་སྲོལ་རྒྱུན་གྱི་དར་ལྕོགས་སྒྲེང་འཛུགས་ལ་དུས་བསྟུན་འགྱུར་བ།
བཀྲིས་རྣམ་རྒྱལ།
བོད་ནི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཡུལ་ལུང་ཞིག་ཡི་པ་དང་།བོད་མི་རིགས་ནི་མི་རིགས་གཞན་དང་མི་འདྲ་བར་ཁྱད་ཆོས་སྣེ་མང་ལྡན་ཞིང་། དེ་དག་ལ་སྲུང་བརྩི་དམ་འཛིན་བྱ་མཁན་ཞིག་ཡིན་པ་རེད། ལམ་ལུགས་དང་གོམས་གཤིས་དེ་དག་ལས་སླ་པོའི་ཐོག་ནས་འགྱུར་བ་འགྲོ་མི་ཐུབ་ལ། དེ་བས་དབང་བཤེད་དང་བཙན་དབང་གི་ཐོག་ནས་ཕྱི་ཚུལ་ཙམ་ལས་དོན་དངོས་ཐོག་འགྱུར་བ་གཏོང་མི་ཐུབ་པ་ཤིག་ཡིན། གལ་ཏེ་འགྱུར་བ་ཞིག་དགོས་ཀྱི་ཡོད་ན་འབྲེལ་ཡོད་མི་རིགས་དེ་རང་ནས་འགན་འཁུར་ལེན་དགོས་པ་ཞིག་ཡིན་ངེས་སྙམ།
དེ་ལྟ་བའི་བོད་མིའི་ཡུལ་གོམས་གཤིས་ལུགས་མང་པོ་ཡོད་པའི་ཡོད་པའི་ནང་ནས་སྐབས་སུ་བབས་པར་དར་ལྕོགས་སམ། ཆོས་དར། ཇོ་དར་རམ་རླུང་རྟ་སྒྲེང་འཛུགས་ཀྱི་སྐོར་ཕྲན་བུ་གླེང་འདོད་བྱུང་། དེ་ཡང་དར་ལྕོགས་སྒྲང་འཛུགས་ཆོས་དང་འཇིགས་རྟེན་གང་གི་ཐོག་ནས་དགོས་པ་གནད་འགག་དང་། ལམ་སྲོལ་ག་དུས་དར་མིན་སྐོར་མིན་པ། དར་ལྕོགས་སྒྲེང་འཛུགས་དང་འཁོར་ཡུག་འབྲེལ་ཆགས་ཀྱི་ཐོག་ཕྲན་བུ་གླེང་འདོད་བྱུང་། ང་ཚོ་བོད་མི་རྣམས་ནས་དར་ལྕོགས་འཛུགས་ས་རན་དང་མ་རན་གང་ལ་ཡང་མ་བལྟས་པར་གནས་ས་ཞིག་དང། རི་མགོ་མཐོ་ས། ལ་ཉག་ལ་མགོ། ཆུ་ཀླུང་དང་ཟམ་པ་གང་ཡིན་ལ་དར་ལྕོགས་འཛུགས་རྐྱང་བྱེད་པའི་གོམས་གཤིས་ཤིག་རང་བཞིན་ཡོད། གོམས་གཤིས་དེ་ལས་སླ་པོའི་ཐོག་ནས་འགྱུར་བ་གཏོང་མི་ཐུབ་ཀྱང་། ཏན་ཏན་འཁོར་ཡུག་ཐོག་ལ་ཤུགས་རྐྱེན་ཇི་ཐེབས་བསམ་ཞིབ་བྱ་འོས་པ་ཞིག་ཡིན།
ཀྱོག་པ་པོ་རྣམས་ཀྱི་ཐུགས་ལ་བོད་མི་རྣམས་ནས་དར་ལྕོགས་སྒྲེང་འཛུགས་ལོ་བརྒྱ་ཕྲག་མང་པོའི་རིང་ནས་དར་སྲོལ་ཡོད་པ་ཞིག་ཡིན་དུས། འཁོར་ཡུག་དང་འབྲེལ་བ་གསར་པ་འདི་གང་ནས་བྱུང་བ་ཡིན་ནམ་སྙམ་སྲིད། དེ་བདེན་པ་རེད། དར་ལྕོགས་སྒྲེང་འཛུགས་ཀྱི་ཐོག་ནས་འཁོར་ཡུག་ལ་གནོད་སྐྱོན་ཡོང་གི་རེད་བཤད་ནས་ཕལ་ཆེར་མི་ཕལ་མོའི་རྣ་བར་འགྲོ་མདོག་ཁ་པོ་མ་རེད། འོན་ཀྱང་དར་རས་དང་དར་ཐག་བེད་སྤྱོད་གཏོང་ཕྱོགས་ཀྱི་ཐོག་ནས་འཁོར་ཡུག་ལ་དོ་ཕོགས་ཞིག་ཡོང་གི་འདུག་བཤད་ན་བསམ་བློ་གཏོང་གཞི་ཞིག་ཆགས་མི་ཡོང་ངམ་བསམ་ནས་འདི་བྲིས་པ་ཡིན།
དེ་ཡང་མདོར་བསྡུས་ནས་བཤད་ན། སྔོན་མ་ཡིན་ན། དར་རས་དང་དར་ཐག་པར་བསྐོས་སྣག་ཚ་སོགས་ལ་རྫས་འགྱུར་དང་མ་འབྲེལ་བ་ཞེ་ཅིག་ཡིན་ལ། དར་རས་ཀྱང་རས་ཀྱི་བཟོས་པ་སྲབ་སྲབ་ཁ་དར་ཐག་ཀྱང་རས་སྐུད་དམ་རྩ་སྐུད་ལ་བརྟེན་དར་ལྕོགས་དེ་རིགས་རླུང་གི་ལྷབ་ལྷབ་གཏོང་བཞིན་ངང་རིམ་པའི་འཁོར་ཡུག་གི་འཁོར་རྒྱའི་ནང་ལ་འཐིམ་འགྲོ་གི་ཡོད་རེད། དེ་ན་དར་ལྕོགས་སྒྲེང་འཛུགས་ཀྱི་ཐོག་ནས་འཁོར་ཡུག་ལ་དམིགས་དོ་ཕོགས་རིགས་ཡོང་གི་མེད་ངེས་སྙམ། ད་ཆ་གང་ཅིའི་འགྱུར་བགྲོས་ལ་བརྟེན་མང་ཚོགས་ནས་དར་ལྕོགས་འདོགས་ཤུགས་ཆེ་རུ་སོང་བ་དང་། དར་རས་སྤུས་ཁ་ལེགས་པ་བེད་སྤྱོད་བྱས་པ་དང་།དེ་བཞིན་དར་ཐག་ནེ་ལོན་གྱི་སྲིང་བསྐུད་བེད་སྤྱད་པ།་དཔར་འདེབས་སྣག་ཚ་ཀྱང་རྫས་སྦྱོར་ཤུགས་ཆེ་བ་བཅས་ཕྱོགས་གང་ཐད་ནས་དར་ལྕོགས་སྒྲེང་འཛུགས་ཀྱི་ཐོག་ནས་འཁོར་ཡུག་ཤུགས་རྐྱེན་ངན་པ་ཞིག་ཐེབས་ཀྱི་ཡོད་ངེས་སྙམ། རང་ཉིད་ལ་དེ་ལྟའི་ཚོར་བ་ཆེན་པོ་ཞིག་བྱུང་བ་དེ་མང་ཚོགས་མཉམ་དུ་ཞུ་འདོད་བྱུང་།
བོད་མིས་རི་འགོ་ཁག་ལས་དར་ལྕོགས་སྒྲེང་འཛུགས་སྐབས་སྙིང་པ་མར་ཕབ། མེར་སྲེག་གཏོང་བའམ་ས་སྦས་བཏང་རིགས་ཇི་ཙམ་མེད་པར་དར་ལྕོག་སྒྲེང་འཛུགས་གཅིག་ཐོག་གཉིས་བརྩེགས་ཀྱིས་རི་འགོ་གང་ཡིན་སར་དར་ཕུང་ཆེན་པོ་ལྷག་ལུས་དང་། གཙང་མ་བཟོ་མཁན་མེད་པས་དར་ལྕོག་ཆེས་མང་པོ་ས་ལ་ལྷུང་བ་སོགས་མི་རྣམས་ཀྱི་གོམས་འོག་ཤོར་ནས་ཉེས་དམིགས་བསགས་གཞི་སོགས་ཀྱི་གནས་ཚུལ་ཇི་སྙེད་ཁར། གོང་གི་འདྲ་པར་འདེ་བཞིན་བོད་ཀྱི་རླུང་རྟ་ཞེས་པའི་དྲ་རྒྱ་ནས་བླངས་པ་ཡིན། ཆུ་རླུང་དང་ཟམ་ཁར་བཙུགས་པའི་དར་ལྕོགས་ཆུས་འཁྱེར་ནས་ཆུ་དཀྱིལ་གྱི་རྡོ་ཕོང་དང་། ཆུས་ཁྱེར་ཡོང་བའི་ཤིང་སྡོང་ཡལ་ག་སོགས་ལ་ཁར་ནས་ཆུའི་འགྲོ་རྒྱུགས་ཀྱི་ཁ་ཕྱོགས་ལ་ཡང་འགྱུར་བ་འགྲོ་བ་རིགས་ཡོང་བ་བཅས་ལ་བརྟེན། རང་རེ་རྣམས་ཀྱི་དར་ལྕོགས་སྒྲེང་འཛུགས་ཀྱི་གནད་དོན་ཐོག་བསམ་ཞིབ་ངེས་པར་གནང་གལ་སྙམ་ནས་གསལ་འདེབས་ཀྱི་ཚུལ་དུ་བྲིས་པ་ཡིན། གཞན་ལ་འཁོར་ཡུག་སྲུང་སྐྱོབས་བཤད་པ་ལ་རང་ཕྲོགས་ནས་འཁོར་ཡུག་སྲུང་སྐྱོབས་ལ་སྨན་པའི་ཁ་ཡོད་ལག་ཐུབ་པའི་བྱ་བ་དེ་ལག་ལེན་དུ་བཀེལ་གནང་ན་གཞན་ལ་ཡང་བཤད་བདེ་པོ་ཞིག་ཡོང་གི་རེད།
དེ་ན་རང་རེ་བོད་མི་རྣམས་ནས་1)དར་ལྕོགས་གསར་པ་སྒེང་འཛུགས་སྐབས་སྙིང་པ་མར་ཕབ་ནས་མེར་བསྲེགས་གཏོང་བའམ་གང་ལྟར་གཙང་མ་བཟོ་རྒྱུ་དེ་གལ་གནད་ཆེ་བ་མཐོང་།
2)དེ་ལས་འཁོར་ཡུག་ལ་གནོད་ཚབས་ཆེ་བ་རས་སྲབ་ལས་གཞན་པའི་ནེ་ལེན་གྱི་རྒྱ་ལས་གྲུབ་པའི་དར་རས་དང་དར་ཐག་རིགས་འཁོར་ཡུག་དང་འབྲེལ་བ་ཤུགས་ཆེ་ཆགས་པ་མངོན། རེ་བསྐུལ་སྔར་སྲོལ་བཞིན་དར་ལྕོགས་ཀྱི་དར་རས་སྲིང་བལ་ལས་བཟོས་པའི་རས་སྲབ་དང་དར་ཐག་ཀྱང་རྩ་བསྐུད་ལས་བཟོས་པ་བེད་སྤྱོད་བྱས་པ་ཡིན་ན་འཁོར་ཡུག་ཐོག་ཞབས་འདེགས་ངེས་ཅན་ཞིག་འཇོག་ཐུབ་རྒྱུ་སྣང་བའི་དེ་དོན་བསམ་ཞིབ་ནན་པོ་ཞིག་ཡོང་བའི་ཞེན་བསྐུལ་དུ།