རང་སྲེག་ལས་འགུལ་སྐོར་གྱི་འགྲེམས་སྟོན།

tomoyo_ihayaཟླ་འདིའི་ཚེས་༡༢ ནས་༡༣ ཉིན་གཉིས་རིང་ཉི་ཧོང་གི་མི་རིགས་ཡིན་པ་བུད་མེད་རི་མོ་བ་ཏོ་མོ་ཡོ་ཨེ་ཡཱ་ཡིས་བྲིས་པའི་བོད་ཀྱི་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་རི་མོ་༥༢ འགྲེམས་སྟོན་བྱས་ཡོད་པ་རེད།

འགྲེམས་སྟོན་དེ་དྷ་ས་ས་གནས་གཞོན་ལྷན་དང་། བུད་མེད་ལྷན་ཚོགས་གཉིས་ཀྱིས་གོ་སྒྲིག་བྱས་འདུག་ལ། རི་མོ་བ་ ཏོ་མོ་ཡོ་ཨེ་ཡཱ་ནི་དུས་རྒྱུན་དྷ་སའི་བོད་དོན་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་ཞིག་ཡིན་འདུག རི་མོ་དེ་ཚོ་ཉི་ཧོང་གི་དམིགས་བསལ་ཤོག་བུ་ཞིག་གི་ཐོག་བྲིས་ཡོད་པ་དང་། ཤོག་བུའི་མཐའ་རུ་སྤོས་མེ་བཙུགས་སྟེ་གཏུབ་ཡོད་པ་རེད། ཚོན་ཁྲ་མང་ཤོས་དམར་པོ་དང་ནག་པོ་བཏང་འདུག་ལ། རང་ལུས་མེར་སྲེག་སྐབས་ཀྱི་པར་དང་རྣམ་པ་དང་གཅིག་མཚུངས་ཐང་ལ་འགྱེལ་ཡོད་པ་དང་། ཐལ་མོ་སྦྱར་ནས་ཡོད་པ། མིག་ཆུ་གཏོང་གི་ཡོད་པ་དང་། ཆར་པ་གཏོང་གི་ཡོད་པ། མེ་འབར་བཞིན་པ་སོགས་སྣ་ཚོགས་འདུག་ལ། ཡང་རང་ལུས་མེར་སྲེག་གཏོང་མཁན་འབྲོག་པ་ཡིན་མཁན་ཚོ་རྟ་ཞོན་མཁན་དང་། ཕྱུགས་རིགས་འདྲ་མིན་ཡོད་པ། ཤུལ་དུ་ལུས་པའི་ཨ་མས་ལག་པ་བཀྱག་སྟེ་ཕེབས་སྐྱེལ་བྱེད་ཀྱི་ཡོད་པའི་རྣམ་པ་སོགས་འདྲ་མིན་བྲིས་ཡོད་པ་རེད།

ཏོ་མོ་ཡོ་ཨེ་ཡཱ་(Tomoyo Ihaya) ནི་ཉི་ཧོང་མི་རིགས་ཡིན་པ་དང་། ད་ལྟ་ཁ་ན་ཊར་བསྡད་ཡོད་འདུག ཁོང་དུས་རྒྱུན་བོད་དོན་ལས་འགུལ་སྤེལ་མཁན་ཞིག་ཡིན་པ་རེད།།tomoyo_ihayatomoyo ihaya