རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་དཔོན་རིགས་ཚོའི་བོད་དོན་རྒྱབ་སྐྱོར།
བོད་མི་མང་སྤྱི་འཐུས་ལྷོ་ཕྱོགས་ཞུ་སྐུལ་ལས་འགུལ་ཚོགས་ཆུང་ནས་སྤོན་གྲི་ཅ་རིས་མངའ་སྡེ་འཛིན་སྐྱོང་བློན་ཆེན་དང་། གྲོས་ཚོགས་ཚོགས་གཙོ་གནད་ཡོད་མི་སྣ་བཅས་ལ་མཇལ་འཕྲད་ཀྱི་བོད་དོན་ཞུ་སྐུལ་ཞུས་ཡོད་པ་རེད།
དེ་ཡང་ཚེས་༡༨ ཉིན་སྔ་དྲོ་ཚོུད་༢ པ་ཐོག “ཏ་མིའི་རྫི་སམ་འགམ་”ཚོགས་ཁང་དུ་ཧིན་བོད་མཛའ་མཐུན་ཚོགས་པའི་གོ་སྒྲིག་འོག བོད་མི་༢༣ དང་རྒྱ་གར་མི་མང་༢༠༠ ཙམ་འདུ་འཛོམས་ཐོག་མངའ་སྡེ་འཛིན་སྐྱོང་བློན་ཆེན་ཐེ་རུབ་ཨན་ར་ག་ས་མིས་ཆེད་འཕེབ་ཀྱི་མཇལ་འཕྲད་གནང་བ་དང་། བོད་མི་མང་སྤྱི་འཐུས་ཚོས་བོད་དོན་སྤྱི་དང་ད་ལྟའི་ཛ་དྲག་གི་གནས་སྟངས་་ངོ་སྤྲོད་ཞུས་པ་དང་། བློན་ཆེན་མཆོག་གིས་བོད་དང་རྒྱ་གར་གཉིས་ཆོས་དང་རིག་གཞུང་གང་གི་ཐོག་ནས་ཞུས་ཀྱང་སྤུན་ཟླ་ནང་བཞིན་ཡིན་ཞིང་། བོད་ལ་དཀའ་སྡུག་ག་རེ་འཕྲད་ཀྱང་རྒྱ་གར་གྱི་རྒྱབ་སྐོར་ཡོད་པ་དང་། རྒྱ་གར་གཞོན་སྐྱེས་ཚོས་ངེས་པར་དུ་དེ་དག་ལ་ཐུགས་སྣང་གནང་ནས་རྒྱབ་སྐྱོར་བྱེད་དགོས་སྐོར་སོགས་གདུང་སེམས་མཉམ་བསྐྱེད་ཀྱི་གསུང་བཤད་གནང་བ་དང་།བོད་མི་མང་སྤྱི་འཐུས་ཚོ་ལ་དགའ་བསུའི་སྣེ་ལེན་དང་གཞུང་འབྲེལ་གསོལ་ཚིག་ཕུལ་བ་སོགས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད་པ་རེད།
ཕྱི་དྲོ་ཚོུད་༥ བའི་ཐོག རྒྱལ་ཁབ་ཁག་མི་འདྲ་བ་༡༣ ནས་ཕེབས་པའི་ཕྱི་རྒྱལ་མཁས་དབང་དང་། མི་སྣ་ལྔ་བཅུ་ཙམ་ལྷན་འཛོམས་ཐོག་སྤྱི་འཐུས་ཚོས་འདས་བའི་བོད་ཀྱི་ལོ་རྒྱུས། ད་ལྟའི་ཛ་དྲག་གི་གནས་སྟངས། མ་འོངས་མངོན་འདོན་བཅས་ཞུས་པ་ན། ཁོང་རྣམས་ཀྱིས་ཁྱེད་རང་ཚོའི་འདས་པའི་ལོར་རྒྱུས་ང་ཚོའི་ཤེས་ཀྱི་ཡོད་ལ། ད་ལྟའི་ཛ་དྲག་ལ་ཐུགས་ཚབས་ཡོད། མ་འོངས་པའི་མངོན་འདོད་ལ་རྒྱབ་སྐྱོ་ཡོད་ཅེས་གསུང་བ་སོགས་བགྲོ་གླིང་གནང་ཡོད་པ་རེད།
ཚེས་༡༩ ཉིན་དགོང་ཚོུད་༣ པའི་ཐོག་གྲོས་ཚོགས་ཚོགས་གཙོ་ཨར་ར་རྡ་ཀུར་ཤིས་ནམ་དང་མཇལ་བ་དང་། ང་ཚོས་སྔར་བཞིན་ངོ་སྤྲོད་གྲུབ་པ་དང་ཁོང་གིས་ཁྱེད་རང་ཚོའི་གནས་ཚུལ་ཤེས་ཀྱི་ཡོད། གང་གསུངས་པ་བདེན་པ་རེད། ང་ཚོས་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་གསུངས་པ་དང་། ཆེ་མཐོང་ཆེན་པོའི་ངང་སྣེ་ལེན་ཟབ་རྒྱས་གནང་བྱུང་། ཚོུད་༥་༣༠ ཐོག་ཨར་ཝེན་རྡོ་ཨ་ཞོམ་སྤྱི་ཁྱབ་ལས་ཁང་གི་འགན་འཛིན་མོ་ནོ་ཇི་རྡ་སི་རྒུག་ཏ་དང་མཇལ་བ་དང་། ཚོགས་པའི་རྒན་རབ་དམ་པ་མ་རྡར་ཨ་མ་ལགས་)མཆོག་གིས་སྔར་བོད་དོན་ཐོག་དགོངས་ཚུལ་འདི་ལྟར་གནང་གི་རེད། རྒྱ་ནག་ལ་འགྱུར་བ་ཆེན་པོ་འགྲོ་གི་རེད་ལ། བོད་ཀྱི་བདེན་མཐའ་ཡང་འགྱོགས་པོ་གསལ་གྱི་རེད་གསུངས་པ་རེད། མ་རྡར་མཆོག་༸གོང་ས་མཆོག་ལ་མཇལ་མྱོང་བར་མ་ཟད། དད་གུས་ཆེན་པོ་ཡོད་པ་དང་བོད་དོན་རྒྱབ་སྐྱོར་ཤུགས་ཆེན་གནང་གི་རེད། ང་ཚོ་ཨ་ཞིམ་གྱིས་ངོས་ནས་དམ་པ་མ་རྡར་མཆོོག་གི་དགོངས་དོན་ལྟར་བོད་དོན་ལ་རྒྱབ་སྐྱོར་དང་བོད་པ་ལ་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་གསུངས་ཡོད་པ་རེད།།