འབྲས་སྒོ་མང་སློབ་གྲྭར་ཚན་རིག་འགྲེམས་སྟོན་སྐོར་གྱི་བགྲོ་གླེང་།

ཟླ་འདིའི་ཚེས་༢༣ ཉིན་ནས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་གདན་ས་ཆེན་པོ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་རིག་གཞུང་ཚོགས་པའི་གོ་སྒྲིག་འོག ཐེངས་འདིའི་ཚན་རིག་བགྲོ་གླེང་འགྲེམས་སྟོན་སྐབས་གསུམ་པ་དེ་འབྲས་སྒོ་མང་སློབ་གྲྭའི་ནང་ཉིན་གསུམ་རིང་འཚོག་བཞིན་ཡོད་པ་རེད།

gomang_school_2013_1_23ཚན་རིག་བགྲེམས་སྟོན་དང་བགྲོ་གླེང་གི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་དགའ་ལྡན་ཁྲི་ཐོག་༡༠༢  རི་རྫོང་སྲས་སྤྲུལ་རིན་པོ་ཆེ་དང་འབྲས་སྤུངས་ཁྲི་བ་བློ་བཟང་བསྟན་པ་དང་། སྒོ་མང་མཁན་རིན་པོ་ཆེ་ཡོན་ཏན་དམ་ཆོས་གཙོས་སྒོ་མང་གྲྭ་ཚང་གི་ཕྱག་མཛོད་དང་ལས་ཀྱི་སྣེ་མོ་ཡོངས་དང་དེ་བཞིན་སློབ་གྲྭའི་དགེ་ལས་ཡོང་བཅས་ཕེབས་ཡོད་པ་རེད།

དེ་ཡང་ཐོག་མར་སློབ་གྲྭའི་རྒན་དགེ་ལེགས་རྒྱ་མཚོས། འགྲེམས་སྟོན་འདིའི་དམིགས་ཡུལ་དང་པོ་༧གོང་ས་མཆོག་གི་ཐུགས་དགོངས་ཟབ་མོ་དེར་ཞབས་འདེགས་ཕྲན་བུ་ཞིག་ཞུ་ཐུབ་ན་བསམ་པ་དང་།  གཉིས་ནས་མ་འོངས་པ་སློབ་ཕྲུག་ཚོའི་སློབ་སྦྱོང་གི་ཁ་ཕྱོགས་དེ་ཡར་རྒྱས་གོང་འཕེལ་འགྲོ་བའི་ཆེད་བཅས་སུ་དམིགས་ནས་ནང་ཆོས་དང་ཚན་རིག་གི་འགྲེམས་སྟོན་དང་བགྲོ་གླེང་འདི་གོ་སྒྲི་བྱས་པ་ཡིན་སྐོར་ངོ་སྤྲོད་གནང་སོང་།

gomang_school1_2013_1_23དེ་ནས་སྐུ་མགྲོན་གཙོ་བོ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོགས་ནས་བརྗོད་གཞི་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་གནང་དོན།    ཐོག་མ་ང་རང་ཚོ་ནང་པའི་གཞུང་ལུགས་དེ་ཡག་པོ་ཤེས་དགོས་པ་རེད།  དེར་ཚན་རིག་དང་ནང་ཆོས་ཕྱོགས་གཉིས་ཐོག་མཐུན་པ་དང་མི་མཐུན་པ་ག་རེ་ཡོད་མེད་དང་ཕན་ཚུན་གཉིས་ཆར་རྒྱུ་མཚན་ག་རེ་འདུག་ལྟ་དགོས་པ་གཅིག་དང་།  གང་ལྟར་སོ་སོའི་ནང་ཆོས་ལ་སྦྱང་བ་བྱས་པའི་ཡོང་འབབ་རྒྱ་ཆེན་པོ་དེ་ཆུང་ཆུང་ཞིག་ལ་མགོ་འཁོར་ནས་ཚན་རིག་ལ་ཤུགས་བརྒྱབ་པ་ཡིན་ན་ཉེན་ཁ་ཆེན་པོ་རེད།    གཟབ་གཟབ་བྱེད་དགོས་པ་གལ་ཆེན་པོ་རེད།   ཚན་རིག་སློབ་སྦྱོང་བྱེད་ཕྱོགས་དང་དུས་ཚོད་སོགས་མ་ནོར་བ་ཞིག་བྱེད་དགོས་པ་རེད་ཅེས་སོགས་ཚན་རིག་དང་ནང་ཆོས་སློབ་གཉེར་བྱེད་ཕྱོགས་སྐོར་ལ་གསུང་བཤད་གནང་སོང་། མཛད་སྒོ་གྲོལ་མཚམས་སུ་སྐུ་འགྲོན་རྣམས་ཀྱི་འགྲེམས་སྟོན་ལ་གཟིགས་ཞིབ་གནང་ཡོད་པ་རེད།     ཉིན་འདིའི་ཕྱི་དྲོ་ཆུ་ཚོད་༦་༣༠ ཕྱེད་ཐོག་སྒོ་མང་སློབ་གྲྭའི་ནང་ནང་ཆོས་དང་ཚན་རིག་གཉིས་ཀྱི་དབར་བགྲོ་གླེང་ཞིག་ཀྱང་འཚོགས་ཡོད་པ་རེད།།

མོན་གྷོ་གསར་འགོད་པས།