དགའ་ལྡན་ཁྲི་པར་བརྟན་བཞུགས།

ཟླ་འདིའི་ཚེས་༢༦ ཉིན་གྱི་སྔ་དྲོ་འདི་ག་རྒྱ་གར་ལྷ་ཕྱོགས་མོན་གྷོ་བོད་མིའི་གཞི་སྒར་དུ་རྟེན་གཞི་བྱས་པའི་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་གོ་སྒྲིག་འོག བློ་གསལ་གླིང་གྲྭ་ཚང་གི་འདུ་ཁང་གསར་པའི་ནང་དགའ་ལྡན་ཁྲི་ཐོག་༡༠༢  པ་རི་རྫོང་སྲས་རིན་པོ་ཆེ་དང་ཤར་བ་ཆོས་རྗེ་བློ་བཟང་བསྟན་འཛིན།

ལྡན་མ་བློ་ཆོས་རིན་པོ་ཆེ་གསུམ་ལ་མདོ་ལུགས་ཀྱིས་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་གནང་ཡོད་པ་རེད།

loling_2013_1_26དེ་ཡང་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་འདས་མང་ཡོང་མཉམ་འཛོམས་ཐོག་གྲྭ་ཚང་གི་མཁན་རིན་པོ་ཆེ་རྗེ་བཙུན་རྟོགས་ལྡན་རིན་པོ་ཆེ་གྲགས་པ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་མཎྜལ་ལྗགས་བཤད་སོགས་རྡོ་རྗེ་སློབ་དཔོན་གནང་ཡོད་པ་རེད།

སྐབས་དེར་འབྲས་བློ་གླིང་ཕྱག་མཛོད་དགེ་བཤེས་མཁྱེན་རབས་ཆོས་རྗེས་བརྟན་བཞུགས་དང་འབྲེལ་བའི་སྐོར་ལ་འགྲེལ་བརྗོད་གནང་དོན།    ཉེ་བའི་ཆར་བོད་གཞུང་ཆོས་རིགས་ལས་ཁུངས་དང་འབྲས་སྤུངས་བློ་གསལ་གླིང་ཐུན་མོང་གིས་དགའ་ལྡན་ཁྲི་རིན་པོ་ཆེ་ལ་བརྟན་བཞུགས་བསྟར་འབུལ་གནང་གྲུབ་པ་རེད།   དེ་བཞིན་དེ་རིང་ཡང་ང་ཚོ་གྲྭ་ཚང་བློ་གསལ་གླིང་གི་ངོས་ནས་ཁོང་རྣམས་པ་གསུམ་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་རེད།   ཁོང་རྣམས་པ་གསུམ་གྱི་སྐུ་ཚེ་བརྟན་པའི་ཆེད་དུ་དངོས་སུ་བརྟན་བཞུགས་ཕུལ་ས་ཁོང་རྣམས་པ་གསུམ་རེད་དེ་བསྟན་འཛིན་གྱི་སྐྱེས་བུ་དམ་པ་གང་ན་སུ་བཞུགས་པ་ཐམས་ཅད་ལ་དམིགས་ནས་དེ་རིང་གི་བརྟན་བཞུགས་འདི་བསྟར་འབུལ་ཞུས་བཞག་པ་ཞིག་ཡིན་ཅེས་གསུངས་སོང་།

མོན་གྷོ་གསར་འགོད་པས།