སྲིད་སྐྱོང་ལ་གལ་ཆེན་མི་སྣའི་ཆེ་མཐོང་ཕུལ་བ།
ཟླ་འདིའི་ཚེས་༤ ཉིན་བཙན་བྱོལ་བོད་གཞུང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་ཧི་མཱ་ཅལ་མངའ་སྡེ་གཞུང་གིས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་སྣུམ་འཁོར་ཐོག་གལ་ཆེ་མི་སྣའི་མཚོན་རྟགས་གློག་དམར་ པོ་ (red beacon) འཇོག་རྒྱུའི་ཆོག་མཆན་ཕུལ་ཡོད་པ་རེད།
སྤྱིར་སྣུམ་འཁོར་སྟེང་གློག་དམར་འཇོག་རྒྱུའི་ཐོབ་ཐང་དེ་གལ་ཆེའི་གནད་ཡོད་མི་སྣ་མ་གཏོགས་འཇོག་ཆོག་གི་མེད་ནའང་། ཐེངས་འདིར་མངའ་གཞུང་གིས་སྲིད་སྐྱོང་མཆོག་ལ་གལ་ཆེའི་མི་སྣར་ངོས་འཛིན་ཞུ་དགོས་པའི་རྒྱུ་མཚན་ནི་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློ་ཆེན་སྐུ་ཞབས་ཝིར་ བྷ་དྲ་སིངྒ་ (Virbhadra Singh) མཆོག་གིས་གསུང་དོན། སྲིད་སྐྱོང་མཆོག་མང་གཙོའི་ལམ་ནས་འོས་འདེམས་བྱུང་བ་ཞིག་ཡིན་པ་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་ང་ཚོའི་གུས་བཀུར་དང་ཆེ་མཐོང་ཧ་ཅང་ཞུ་རྒྱུའི་ སྐུ་མགྲོན་ཁྱད་པར་བ་ཞིག་ཡིན་པར་བརྟེན། ཁོང་རྣམ་ལ་གུས་བཀུར་དང་སྐུའི་སྲུང་བྱའི་འགན་དབང་ཆ་ཚང་ང་ཚོར་ཡོད་”ཅེས་གསུངས་ཡོད་པ་རེད།།
