རང་སྲེག་ལས་འགུལ་བ་བུད་མེད་༡༤ བྱུང་འདུག
ཟླ་༣་ ཚེས་༡༢ ཉིན་བོད་ཀྱི་བུད་མེད་རྣམས་ཀྱི་རང་དབང་སྒེར་ལངས་བྱས་ཏེ་མི་ལོ་ཧྲིལ་པོ་ང་བཞི་འཁོར་བའི་དུས་དྲན་དེ། དྷ་ས་དཔའ་བོའི་དྲན་རྟེན་རྡོ་རིང་མདུན་ཐང་དུ་སྲུང་བརྩི་ཞུས་ཡོད་པ་རེད།
སྐུ་མགྲོན་གཙོ་བོ་སྤྱི་ཟུར་ངག་དབང་ལྷ་མོ་དང་། གཞན་ཡང་བོད་མི་མང་སྤྱི་འཐུས་གངས་ལྷ་མོ་དང་། ས་གནས་རང་བདེན་ཚོགས་གཙོ་དང་། ས་གནས་གྲོས་ཚོགས་ཀྱི་ཚོགས་གཞོན། མང་གཙོ་ཚོགས་པའི་དྲུང་ཆེ་སོགས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་ཁག་ཅིག་ཀྱང་ཕེབས་འདུག དེ་བཞིན་བཙུན་མ་དང་སློབ་ཕྲུག་དྷ་སར་གནས་བཞུགས་བུད་མེད་༥༠༠ ལྷག་མཉམ་ཞུགས་བྱས་འདུག
དུས་དྲན་མཛད་སྒོའི་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གཏོང་བ་དང་། བུད་མེད
་ལངས་གླུ་བཏང་རྗེས། ས་གནས་བུད་མེད་ཚོགས་གཙོ་སྐལ་བཟང་གཡུ་སྒྲོན་གྱིས་བོད་ཡིག་ཐོག་ཡོངས་ཁྱབ་གསུང་འཕྲིན་སྒྲོགས་སྦྱང་གནང་བ་དང་། སྐུ་མགྲོན་གཙོ་བོ་སྤྱི་ཟུར་ངག་དབང་ལྷ་མོས་ལས་འགུལ་དང་འབྲེལ་བའི་སྐོར་ལ་གསུང་བཤད་གནང་སོང་། དེ་རྗེས་ས་ར་མཐོ་སློབ་ཀྱི་སློབ་མ་ཀརྨ་སྒྲོལ་མས་གསར་དུ་སྒྲིག་སྦྱོར་བྱས་པའི་ཟེར་སྡེར་གདུང་འབོད་ཞེས་པ་དེ་དབུ་འབྱེད་གནང་སོང་ལ།
དེའི་ནང་
གི་དཔའ་བོའི་རྗེས་དྲན་ཟེར་བའི་བཞས་དེ་མི་མང་ལ་གཟིགས་འབུལ་ཞུས་སོང་། དེ་རྗེས་མི་མང་རྣམས་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་དབུ་འཛུགས་ཀྱིས་དྷ་ཤོད་ཀ་ཅ་རི་བར་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་པ་རེད།
སྤྱིར་བཏང་འདི་ལོ་བུད་མེད་སྒེར་ལངས་ཉིན་མོར་བུད་མེད་ཚོགས་པའི་ལས་འགུལ་ཆེ་ཤོས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སྤེལ་གྱི་ཡོད་པ་དང་། ཉིན་དེར་ཡོངས་ཁྱབ་གསུང་འཕྲིན་ནང་། བོད་མི་ཚོས་རང་ལུས་མེར་སྲེག་གིས་རྒྱ་རྒོལ་བྱས་པའི་ནང་དུ་བཙུན་མ་བཞི་དང་། བུད་མེད་སློབ་མ་གཉིས། ཁྱིམ་འཛིན་མ་བརྒྱད་བཅས་བུད་མེད་བཅུ་བཞི་ཡིས་རང་ལུས་མེར་སྲེག་བཏང་རྐྱེན་དཔའ་མོ་བཅུ་གཉིས་སྐུ་གྲོངས་ཡོད་སྐོར་འཁོད་འདུག
དེ་བཞིན་ཉིན་དེར་དགོས་འདུན་ཁག་ལྔ་བཏོན་པའི་ནང་། ༡༽ མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་ཞི་བདེ་སྲུང་སྐྱོབ་དམག་དཔུང་བོད་ནང་མངགས་གཏོགས་བྱ་དགོས། ༢༽ བོད་ནང་རང་ལུས་མེར་བསྲེགས་གཙོས་པའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱལ་སྤྱིའི་བདག་སྤྲོད་བྱ་དགོས། ༣༽ དམར་གཞུང་ལ་བཤད་རྒྱུར། བོད་མིའི་རང་ལུས་མེར་བསྲེགས་དང་ཞི་རྒོལ་སྤེལ་དགོས་ཐུག་པར་བཟོས་པའི་ཁྱེད་ཅག་གི་སྲིད་ཇུས་དེ་བསྐྱར་ཞིབ་ཀྱིས། བོད་མིའི་སྤྱི་ཚོགས་དང་ཆོས་ལུགས་ཀྱི་དབུ་ཁྲིད་ལ་བརྩི་བཀུར་ཞུ་རྒྱུའི་མཚོན། བོད་མི་སྤྱི་ཡོངས་ཀྱི་འཚོ་གནས་དང་དགོས་འདུན་སྐོང་ཐབས་བྱ་དགོས། ༤༽ རྒྱལ་ཚོགས་ཀྱི་ངོ་ཚབ་དང་རང་དབང་གསར་འགོད་པ་བོད་ནང་བཀག་འགོག་མེད་པར་འགྲོ་བསྐྱོད་ཆོག་རྒྱུ་དང་། བོད་ཐོག་འཛིན་པའི་རྒྱ་གཞུང་གི་སྲིད་ཇུས་ཀྱིས་ཤུགས་རྐྱེན་ཅི་ཐེབས་དང་། བོད་མིའི་རང་དབང་གི་གནས་བབ་སྐོར་ལ་ཉམས་ཞིབ་གནང་འཇུག་རྒྱུ། ༥༽
རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་རྣམས་དང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གྱི་ཚོགས་སྡེ་ཁག་ནས་བོད་དཀའ་ངལ་ལ་འཕྲད་པའི་དུས་སྐབས་འདིར་རང་རང་གི་གཞུང་དང་གྲོས་ཚོགས་ལ་ཞུ་གཏུགས་བརྒྱུད། བོད་མིར་ཁ་ཡོད་ལག་ཡོད་ཀྱི་རོགས་སྐྱོར་འཚོལ་ཐབས་གནང་རོགས་ཞེས་འབོད་སྐུལ་ཁག་ལྔ་གན
ང་འདུག།