དགེ་འདུན་པས་ཚན་རིག་སྦྱང་སྟེ་ལོ་གཅིག་འཁོར་བ།

gaden_2013_3_19_1ཟླ་འདིའི་ཚེས་༡༩ ཉིན་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ཚན་རིག་སློབ་གཉེར་བྱེད་འགོ་བཙུགས་ནས་ལོ་གཅིག་འཁོར་བ་དང་སྟབས་བསྟུན། ཚན་རིག་ཐོག་བགྲོ་གླིང་ཞིག་དགའ་བྱང་འདུ་ཁང་རྙིང་པའི་ནང་འཚོགས་ཡོད་པ་རེད།

ཚོགས་ཐོག་ཏུ་དགའ་བྱང་ཚན་རིག་འགན་འཛིན་དགེ་བཤེས་བྱམས་པ་བློ་བཟང་དང། དགེ་བཤེས་བློ་བཟང་སྙིང་རྗེ་གཉིས་གཙོས་དགའ་བྱང་གྲྭ་ཚང་གི་དབུ་མ་འཛིན་གྲྭར་ཕེབས་བཞིན་པའི་ལོ་རིམ་གསུམ་གྱི་དགེ་འདུན་པ་བརྒྱ་མ་ཟིན་ཙམ་མཉམ་ཞུགས་གནང་ཡོད་འདུག་ལ། 

gaden_2013_3_19_1

ཚན་རིག་སློབ་སྦྱོང་བྱེད་ཕྱོགས་དང་དང་ཉིན་འདིའི་དུས་ཆེན་སྲུང་རྩི་དང་བགྲོ་གླེང་བཅས་ཀྱི་སྐོར་ལ་དགེ་བཤེས་བློ་བཟང་སྙིང་རྗེས་གསར་འགོད་པར་འགྲེལ་བརྗོད་གནང་ཡོད་པ་རེད།   སྤྱིར་བཏང་ང་ཚོའི་ལས་འགན་གཙོ་བོ་དེ་སྤྱི་ཚོགས་ནང་ལ་ཚན་རིག་གི་ཤེས་ཚད་གོང་མཐོར་གཏོང་ཆེད་དུ་སྤྱི་ཚོགས་ཚན་རིག་སློབ་སྦྱོང་བྱེད་ཕྱོགས་དང། དེའི་ནང་གསེས་རྒྱ་ཡིག་དང་དབྱིན་ཡིག་གློག་ཀླད་བཅས་ཀྱི་ཐོག་ལ་ལས་ཀ་བྱེད་ཀྱི་ཡོད་པ་རེད་ལ།  ལས་ཀ་བྱེད་མཁན་དང་སློབ་གཉེར་བྱེད་མཁན་གཉིས་ཀྱི་ངོས་ནས་ཧུར་ཐག་བྱས་ནས། ལོ་གཅིག་ཏག་ཏག་འཁོར་བའི་དུས་ཆེན་སྲུང་བརྩི་དང་སྟབས་བསྟུན་ནས་ང་ཚོས་ཚན་རིག་སྣེ་ཁྲིད་ཚོགས་པ་ལ་འབོད་སྐུལ་ཞུས་དོན་བཞིན། དེ་རིང་དབང་རྩ་དང་གནམ་གཤིས་སོགས་ཀྱི་སྐོར་ལ་ཚན་རིག་སྣེ་ཁྲིད་ཚོགས་པའི་དགེ་འདུན་པའི་ནང་ནས་ཙན་རིག་པ་རྒན་གྲས་གྲྭ་ཡེ་ཤེས་རྡོ་རྗེ་དང་བསྟན་འཛིན་ཆོས་འཕེལ་གཉིས་ཀྱིས་ཚན་རིག་པ་ཚོའི་མྱོང་ཚོར་དང། སེམས་ཚོར་གཉིས་ཀྱི་ཐོག་ནས་བསམ་ཚུལ་བརྗེ་ལེན་གྱི་ཟབ་ཁྲིད་གནང་ཡོད་པ་རེད་ལ།  དུས་རྒྱུན་རྒན་བསྟན་འཛིན་རྩོན་འགྲུས་ཀྱིས་འཛིན་གྲྭ་རེས་མོས་བྱས་ནས་སློབ་འཁྲིད་བྱེད་བཞིན་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་སོང་།
མོན་གྷོ་གསར་འགོད་པས།